ཨ་ཧྥའུ་ཧན་གྱི་རྒྱལ་ས་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-01-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་ཧྥའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར།རྒྱལ་ས་ཁཱ་པོར་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ།ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་།གཞན་ཡང་མི་ཉེར་ལྔར་རྨས་ཕོག་ཟེར།
ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཞི་ཏིས་ཅི་ཡིས་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན།འཇབ་རྒོལ་མཁན་ལས་གཞན་ཤི་རྨས་ཐེབས་པའི་མི་ཚང་མ་ནི་ཨ་ཧྥུའུ་ཧན་གྱི་མི་སེར་དཀྱུས་མ་རེད་ཟེར།ཁཱ་པོར་ཉེན་རྟོག་ཅུའུ་ཡི་འགན་ཁུར་བ་ལཱ་ཞི་མུས་ཀྱིས་བཤད་རྒྱུར།འཇབ་རྒོལ་དམིགས་འབེན་ནི་ས་དེའི་བརྙན་འཕྲིན་ཁང་གི་ལས་བཟོ་བའི་རླངས་འཁོར་ཡིན་པ་རེད།ཆེད་དུ་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་དེ་རིགས་ཉེ་བའི་ལོ་འགའི་རིང་ཧ་ཅང་ཉུང་ཟེར།
གནས་ཚུལ་དངོས་སུ་མཐོང་མཁན་གྱི་མི་ཞིག་གིས་གསར་འགོད་པར་བཤད་རྒྱུར།འགས་གཏོར་དོན་རྐྱེན་དེ་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་ཉེ་འདབས་ནས་བྱུང་བ་དང་།བརྙན་འཕྲིན་ཁང་དེའི་ལས་བཟོ་བའི་རླངས་འཁོར་ལ་གཏོར་བཤིག་ཐེབས་ཡོད།མིག་སྔར་ཉེན་རྟོ་ཕྱོགས་ཀྱིས་དོན་རྐྱེན་བྱུང་ས་བཀག་སྡོམ་བྱས་ཡོད་པ་དང་།ཤི་རྨས་བྱུང་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
མིག་སྔའི་བར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།
  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་སྙན་ཞུ་ལས་ཉིས་སྟོང་བཅོ་ལྔ་ལོ་ནི་ལོ་རྒྱུས་སྟེང་ཆེས་དྲོ་བའི་ལོ་ཞིག་ཡིན་པར་བཤད།
  • ལེ་ཚན་རྗེས་མ།:༄༅།།ཀྲུང་གོ་སྲིད་གཞུང་གིས་ཕུལ་བའི“ཞི་བདེའི་བུམ་པ”མཉམ་འབྲེལ་རྒྱལ་ཚོགས་སུ་བཞག་པ།
  • དོ་སྣང་ཆེ་བའི་རྩོམ།