འཇར་པན་རྒྱ་གར་དང་ཨ་མེ་རི་ཁའི་དམག་དོན་སྦྱོང་བརྡར་ནང་ཞུགས།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2015-10-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དང་རྒྱ་གར།ཨ་མེ་རི་ཁ་བཅས་ཀྱིས་ཚེས་བཅུ་བཞི་ཉིན་ནས་བཟུང་ཧིན་རྡུ་རྒྱ་མཚོ་ནས་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།དེ་ནི་རྒྱལ་ཁབ་གསུམ་གྱིས་ལོ་བརྒྱད་ཀྱི་རྗེས་སུ་ཐོག་དང་པོར་མཚོ་ཁོངས་དེ་ནས་རིགས་མཐུན་གྱི་དམག་དོན་སྦྱོང་བརྡར་སྤེལ་བ་རེད།དམག་དོན་སྦྱོང་བརྡར་གྱི་སྤེལ་ཡུན་གཟའ་འཁོར་གཅིག་ཡིན་པ་དང་།དམིགས་ཡུལ་ནི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་ནུས་པ་ཇེ་མཐོར་གཏོང་བ་དང་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བ་སོགས་ལ་སྦྱོང་བརྡར་བྱེད་པའི་ཆེད་རེད།དེ་ནི་འཇར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག་ཐེངས་བཞི་བར་མཱ་ལཱ་པཱ་ཨར་གྱི་དམག་སྦྱོང་ལ་ཞུགས་པ་ཡིན་ཞིང་།ཉིས་སྟོང་བདུན་ལོའི་ཚུན་ལ་ཐོག་དང་པོར་བྷང་ག་ལཱ་མཚོ་ཁུགས་ནས་སྤེལ་བའི་དམག་དོན་སྦྱོང་བརྡར་ཅིག་རེད།  །
  • ལེ་ཚན་སྔོན་མ།:《ལྷ་སའི་གཞོན་ནུ》འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས་གསུམ་པའི་འགྲན་ཞུགས་གློག་བརྙན་དུ་ཚུད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་ལུན་ཏོན་ལ་ཕེབས་ཏེ་དབྱིན་ཇི་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།