2015-10-12
《ལྷ་སའི་གཞོན་ནུ》འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས་གསུམ་པའི་འགྲན་ཞུགས་གློག་བརྙན་དུ་ཚུད།
བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ལྷ་མོ་བཀྲ་ཤིས་ཀྱིས་འཁྲབ་ཁྲིད་གནང་བའི་དངོས་བཤུས་གློག་བརྙན《ལྷ་སའི་གཞོན་ནུ》ཞེས་པ་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས་གསུམ་པའི་འགྲན་ཞུགས་གློག་བརྙན་དུ་ཚུད།
དངོས་བཤུས་གློག་བརྙན་འདིར་བོད་ཀྱི་ས་ཆ་མི་འདྲ་བ་རེ་རེ་ནས་ལྷ་སར་ཕེབས་པའི་ན་གཞོན་འགའི་ཉིན་གཅིག་གི་འཚོ་བ་བརྗོད་པ་བརྒྱུད། ཁོང་ཚོས་སྟོད་ཉི་མ་ལྷ་ས་ནས་འཚོ་བར་འབད་འབུངས་བྱེད་བཞིན་པའི་གནས་ཚུལ་དང་། གྲོང་ཁྱེར་གྱིས་ཁོང་ཚོར་གནང་བའི་སེམས་ཚོར། དེ་བཞིན་མི་ཚེའི་རིན་ཐང་སོགས་མཚོན་ཡོད།
འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་གྱི་དམིགས་ཡུལ་ནི་རིག་གནས་སྣ་མང་སྤེལ་རེས་ཀྱི་སྟེགས་བུ་མཁོ་འདོན་དང་། སྐད་ཡིག་མི་འདྲ་བ་དང་མི་རིགས་མི་འདྲ་བའི་གློག་བརྙན་ལ་ཕན་ཚུན་ལྟ་རེས་བྱས་པ་བརྒྱུད། མི་སྔར་ལས་མང་པོས་འཛམ་གླིང་རིག་གནས་སྣ་མང་ཅན་ལ་རྒྱུས་མངའ་ཡོང་ཆེད་དོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10