ལིག་ཡན་ཏུང་གནའ་བོའི་ཕོ་བྲང་རྟེན་མཛོད་གླིང་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཁྲོད་ཞུགས།

        2015-10-12

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་གནའ་བོའི་ཕོ་བྲང་རྟེན་མཛོད་གླིང་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཁྲོད་ཞུགས་སྐབས་ནན་གྱིས་བཤད་རྒྱུར། གནའ་བོའི་ཕོ་བྲང་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་སྔར་ལས་ཤུགས་བསྣན་ཏེ། རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ་དང་། འགྲེམ་སྟོན་རྒྱུད་སྤེལ་བྱེད་པ། ལྟ་མོ་བར་ཞབས་ཕྱི་སྒྲུབ་པ། རིག་གཞུང་ཞིབ་འཇུག་བྱེད་པ། བརྗེ་རེས་མཉམ་ལས་བྱེད་པ་བཅས་ཀྱི་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་དགོས་པར་མ་ཟད། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། རང་རྒྱལ་གྱི་རིག་གནས་རྟེན་མཛོད་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་ཟེར།

ལིག་ཡན་ཏུང་གིས་ནན་གྱིས་བཤད་རྒྱུར། གནའ་བོའི་ཕོ་བྲང་དེ་འཛམ་གླིང་དང་ཀྲུང་གོའི་རྟེན་མཛོད་ཁང་གྲགས་ཅན་ནང་གི་གཅིག་ཡིན་པའི་ཆ་ནས། དོ་དམ་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ། བདེ་འཇགས་ཀྱི་གནའ་བོའི་ཕོ་བྲང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བཟང་བོ་བྱེད་དགོས་ལ། ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད། བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་དགོས་པ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་གཙིགས་འཛིན་བྱས་ནས། གནའ་བོའི་ཕོ་བྲང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བར་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་གི་རྟེན་མཛོད་ཁང་གྲགས་ཅན་ཡིན་པའི་གནའ་བོའི་ཕོ་བྲང་དེར་སྲུང་སྐྱོབ་བཟང་བོ་དང་འཛུགས་སྐྲུན་བཟང་བོ། དོ་དམ་བཟང་བོ། འཕེལ་རྒྱས་བཟང་བོ་བཅས་བྱས་ནས། ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཐད་ནས་ཅིན་ཀྲིན་ཨིན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
  • ལེ་ཚན་རྗེས་མ།:《ལྷ་སའི་གཞོན་ནུ》འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས་གསུམ་པའི་འགྲན་ཞུགས་གློག་བརྙན་དུ་ཚུད།
  • དོ་སྣང་ཆེ་བའི་རྩོམ།