2026-04-20
དབུས་ཤར་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་ཕྱིན་པའི་རྐྱེན་གྱིས། སྤྱི་ཟླ4པའི་ཚེས14ཉིན་རྒྱལ་སྤྱིའི་སྣུམ་གོང་ཆེས་ཆེར་ཆག་པ་རེད།
ཚེས14ཉིན་ཉིའུ་ཡུའེ་ཚོང་ཟོག་ཉོ་ཚོང་ཁང་གིས་སྤྱི་ཟླ5པའི་དུས་བཅད་ཚོང་ཟོག་གི་ཡང་བའི་མ་བཅོས་རྡོ་སྣུམ་དུས་བཅད་ཚོང་ཟོག་རིན་གོང་སྣུམ་ཟོམ་གང་ལ་ཨ་སྒོར7.80མར་ཆག། སྣུམ་ཟོམ་གང་ལ་ཨ་སྒོར91.28ཡིན་པ་དང་ཆག་ཚད་བརྒྱ་ཆ7.87ལ་ཟིན། སྤྱི་ཟླ6པར་དུས་བཅད་ཚོང་ཟོག་བྱེད་པའི་ལུན་ཏུན་གྱི་པུའུ་ལུན་ཐེ་རྡོ་སྣུམ་དུས་བཅད་ཚོང་ཟོག་རིན་གོང་སྣུམ་ཟོམ་གང་ལ་ཨ་སྒོར4.57མར་ཆག་ནས་སྣུམ་ཟོམ་གང་ལ་ཨ་སྒོར94.79ཡིན་པ་དང་ཆག་ཚད་བརྒྱ་ཆ4.6ལ་ཟིན་ཡོད།།
ལོ་ཙཱ། རྟ་མགྲིན་རྡོ་རྗེ།
རྩོམ་སྒྲིག་པ། རྟ་མེ།
རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10