2026-04-20
ཉེ་ཆར། རང་ཁུལ་གྱི་ལྗོངས་ཁུལAIའཕྲུལ་ཤེས་ལོ་ཙཱ་འཆར་ཤེལ་ཐོག་མ་དུང་དཀར་ལུང་པ་ལྗོངས་ཁུལ་དུ་བཀོལ་སྤྱོད་བྱེད་འགོ་བརྩམས། ཕྱི་རྒྱལ་ཡུལ་སྐོར་བས་ཐད་ཀར་འཆར་ཤེལ་ལ་དྲི་བ་བཏོན་དུས། མ་ལག་གིས་དུས་ཐོག་ཏུ་རྒྱ་ཡིག་ལ་བསྒྱུར་ཅིང་། ལས་སྒྲུབ་པས་སྤྱི་སྐད་ལམ་ནས་ལན་བཏབ་ཚེ་ཕྱི་རྒྱལ་གྱི་ཡི་གེ་ལ་བསྒྱུར་ཐུབ་པས་སྐད་བརྡའི་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཡོངས་སུ་བསལ་བ་རེད། སྒྲིག་ཆས་འདིས་ཀྲུང་གོ་དང་། དབྱིན་ཇི། ཧྥ་རན་སི། ཉི་ཧོང་། ལྷོ་ཁོ་རེ་ཡ་སོགས་ཀྱི་རྒྱལ་ཁབ་ཁག་གི་སྐད་རིགས་བཅུ་ལྷག་དུས་ཐོག་ཏུ་ཕན་ཚུན་བསྒྱུར་རེས་བྱེད་ཐུབ་ལ། ལྗོངས་ཁུལ་གྱི་མངའ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་ཁག་གི་འགྲུལ་པ་ལ་སྐད་བརྡ་མི་འཕྲོད་པའི་དཀའ་ཁག་བསལ་བ་རེད། འདི་ནི་དཀར་མཛེས་ཁུལ་གྱིས་བློ་རིག་ཞབས་ཞུ་དང་རྒྱལ་སྤྱི་ཅན་གྱི་ཞབས་ཞུའི་ཁྲོད་འགག་རྩའི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད།
དེ་སྔོན་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་འདྲི་རྟོག་ལ་འཕྲད་སྐབས་ང་ཚོས་ལག་འཕྲིན་ཁ་པར་གྱི་ཡིག་སྒྱུར་སྙི་ཆས་ཁོ་ན་སྤྱད་དེ་གསལ་བཤད་ཙམ་ལས་ལས་ཆོད་ཧ་ཅང་དམའ་མོ་ཡོད། ད་ལྟརAIའཕྲུལ་ཤེས་ལོ་ཙཱ་འཆར་ཤེལ་འདི་ཡོད་པས་དུས་ཚོད་བསྲི་ཐུབ་ལ་སྤེལ་རེས་ཀྱང་བདེ་བླག་བྱུང་ཡོད་ཅེས་དུང་དཀར་ལུང་པའི་ལྗོངས་ཁུལ་ཡུལ་སྐོར་ལྟེ་གནས་ཀྱི་ལས་སྒྲུབ་པ་དབྱང་ཡ་ལི་ཡིས་དེ་ལྟར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། དུང་དཀར་ལུང་པ་ལྗོངས་ཁུལ་གྱིAIའཕྲུལ་ཤེས་ལོ་ཙཱ་འཆར་ཤེལ་གྱིས་གླང་ཆེན་འགྱིང་རི་སོགས་ལྗོངས་ཁུལ་གྱི་བློ་རིག་དང་ཉམས་མྱོང་དཔྱད་གཞིར་བཟུང་ཞིང་རང་ངོས་ཀྱི་དོན་དངོས་དང་ཟུང་དུ་སྦྲེལ་ནས་ལེགས་སྒྱུར་རིམ་སྤོར་བྱས་པ་རེད། རླངས་འཁོར་གཏོང་བའི་དུས་ཚོད་དང་སྒོ་འཛིན་སྲིད་ཇུས། ལྟ་སྐོར་ལམ་ཐིག་སོགས་ཀྱི་ནང་དོན་ཚང་མ་གནད་ལ་འཁེལ་བའི་སྒོ་ནས་ཕན་ཚུན་ཡིག་སྒྱུར་ཆོག་པ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བས་གོ་བ་གསལ་པོར་ལོན་པ་དང་སྤེལ་རེས་ཐོགས་མེད་ཡོང་བར་འགན་ལེན་ཏན་ཏིག་བྱེད་བཞིན་ཡོད། དངོས་སུ་བེད་སྤྱོད་བྱེད་དུས་གནད་དོན་སྣ་ཚོགས་སྐར་ཆ་ཁ་ཤས་ནང་ལན་འདེབས་ཐུབ་པས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོས་དུས་རྟག་ཏུ་ཡུལ་དངོས་ནས་བསྟོད་པའི་མཐེ་བོང་སྒྲེང་བཞིན་པ་མཐོང་རྒྱུ་འདུག།
ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཝང་ཀའོ་ཡིས་ཚན་རྩལ་གྱི་ཞབས་ཞུ་དེ་བས་དྲོད་ཁོལ་ལྡན་པ་ཞིག་རེད་འདུག། AIའཕྲུལ་ཤེས་ལོ་ཙཱ་འཆར་ཤེལ་སོགས་བློ་རིག་དང་ལྡན་པའི་བྱ་ཐབས་རབ་དང་རིམ་པ་བརྒྱུད་ནས་སྐད་བརྡའི་འགལ་རྐྱེན་ཡོངས་སུ་བསལ་འདུག་ལ། ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་ཚང་མར་དེ་བས་སྙིང་ཉེ་བ་དང་ལས་ཆོད་ཆེ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཉེ་བའི་ལོ་ཤས་རིང་། དུང་དཀར་ལུང་པ་ལྗོངས་ཁུལ་གྱི་བློ་རིག་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། བློ་རིག་ལྡན་པའི་དོ་དམ་དང་ཞབས་ཞུ། རོལ་མྱོང་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཀྱི་ལྗོངས་ཁུལ་མ་ལག་འཛུགས་པར་ཤུགས་བརྒྱབ་པ་དང་། AIའཕྲུལ་ཤེས་ལོ་ཙཱ་འཆར་ཤེལ་སྤྱོད་འགོ་བརྩམས་པ་ནི་ལག་རྩལ་བེད་སྤྱོད་ཀྱི་ཚད་བརྒལ་ཞིག་ཡིན་པར་མ་ཟད"ཡུལ་སྐོར་བ་གཙོ་བོར་བཟུང་བའི"ཞབས་ཞུ་འདུ་ཤེས་ཆེ་རུ་བསྲིངས་པ་ཞིག་དེ་བས་ཀྱང་རེད། རྗེས་མའི་ལས་དོན་ཁྲོད་དུ་ལྗོངས་ཁུལ་གྱིས་ཚན་རྩལ་དང་བློ་རིག་ལྡན་པའི་ཐབས་ལམ་མང་པོ་སྤྱད་དེ་ཡུལ་སྐོར་བར་ཞབས་ཞུ་སྟབས་བདེ་བྱ་རྒྱུ་རེད།།
གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་སྒྲིག་འགན་འཁུར་བ། མཁས་གྲུབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10