2026-04-14
ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་ནོར་སྲིད་པུའུ་དང་མཉམ་དུ་དུས་ཐོག་ཏུ་ས་གནས་ལ་ད་ལོའི་དུས་ཡུན་རིང་པོའི་དམིགས་བསལ་རྒྱལ་བུན་མ་དངུལ་ཚན་འབོར་གཉིས་པའི་སྒོར་དུང་ཕྱུར625སྤྲད་ནས། ས་གནས་ཀྱིས་མུ་མཐུད་བརྟན་ཞིང་གོ་རིམ་ལྡན་པའི་ངང་འཛད་སྤྱོད་དངོས་པོ་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
ལེགས་སུ་བཏང་རྗེས་ཀྱི་སྲིད་ཇུས་བཀོད་སྒྲིག་ལྟར། ས་ཁུལ་ཁག་གིས་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ལམ་ལུགས་ཇུས་འགོད་འཐུས་ཚང་དུ་གཏང་བ་དང་། ཁྱབ་ཁོངས་བགོས་ནས་མ་དངུལ་སྙོམས་པོར་བེད་སྤྱོད་པའི་འཆར་གཞི་བཟོས་ནས། ཁྱིམ་སྤྱོད་གློག་ཆས་དང་ཨང་ཀིའི་སྒྲིག་ཆས། རིག་ནུས་ཐོན་རྫས་སོགས་ཁྱབ་ཁོངས་སུ་མ་དངུལ་སྔོན་ལ་གཏོང་བ་དང་། ཕྱིར་འཚོང་ཁེ་ལས་ཀྱི་མ་དངུལ་སྔ་བཞག་གནོན་ཤུགས་ཆུང་དུ་བཏང་ནས། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ལས་ཀའི་གོམ་སྟབས་སྤྱིའི་ཆ་ནས་སྔར་བས་བརྟན་པོ་དང་། ཁ་གསབ་མ་དངུལ་གྱི་སྐུལ་ཁྲིད་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། ད་ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ཕྱིར་འཚོང་བསྡོམས་འབོར་སྒོར་དུང་ཕྱུར4332ལས་བརྒལ་བ་དང་། མི་ཁྲི6093ལྷག་ལ་ཕན་ཐོགས་རྒྱུ་རེད། ཟླ་བ་དང་པོ་ནས་གཉིས་པའི་བར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་ན་ནིང་དུས་མཉམ་དང་བསྡུར་ན་བརྒྱ་ཆ2.8འཕར་བར་སྐུལ་ཁྲིད་བྱས་ནས། ལོ་གོང་མའི་ཟླ་བ12པ་ལས་བརྒྱ་ཆའི་གྲངས1.9མགྱོགས་སུ་ཕྱིན་ཡོད།
རྗེས་མར་འབྲེལ་ཡོད་སྡེ་ཁག་གིས་ས་གནས་ལ་མུ་མཐུད་མཛུབ་ཁྲིད་བྱས་ནས་ལས་ཀའི་སྒྲུབ་སྟངས་དམ་འཛིན་ལུགས་མཐུན་བྱས་ཏེ། མ་དངུལ་བེད་སྤྱོད་འཆར་གཞི་ལེགས་སུ་གཏང་བ་དང་། མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཁ་གསབ་མ་དངུལ་རེ་ཞུ་དང་མ་དངུལ་ཞིབ་བཤེར་ཚད་ལྡན་དུ་གཏང་བ་བཅས་བྱས་ནས། ཁ་གསབ་མ་དངུལ་བརྗེ་སྤྲོད་ཀྱི་ལས་ཆོད་ཆེ་རུ་གཏང་བ་དང་ཁ་གསབ་མ་དངུལ་གཡོ་ལེན་དང་སྔོན་སྤར་རྗེས་གསབ་སོགས་ལ་ཆེད་དོན་དག་ཐེར་བྱས་ཏེ། མུ་མཐུད་དེ་སྲིད་ཇུས་ཀྱི་ལག་ལེན་ནུས་ཆོད་ཆེ་རུ་གཏང་རྒྱུ་རེད།།
ལོ་ཙཱ། ཡེ་ཤེས། རྩོམ་སྒྲིག་པ། ཡེ་ཤེས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10