2026-03-27
སྤྱི་ཟླ3པའི་ཚེས23ཉིན་གྱི་སྔ་དྲོར། གནས་མཆོག་དཀར་མཛེས་སུ། འཛོམ་པའི་ཁ་ཆད་ཡོད་ཅེས་པའི་རྟའུ་རྫོང2026ལོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཚོགས་ཆེན་དང་ཁམ་བུ་མེ་ཏོག་སྐྱེ་ཁམས་རིག་གནས་མྱོང་རོལ་གཟའ་འཁོར་སྐབས་དང་པོའི་བྱེད་སྒོ་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད།
ཡོངས་བསྒྲགས་ཚོགས་འདུར། རྟའུ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཏོན་ཅན་ལིན་གྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་འགན་ལེན་ལ་དམིགས་ནས་ཆེད་དོན་ཁྱབ་བསྒྲགས་བྱས་པ་རེད། ཁོས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏང་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་ཕྱིན་བྱས་ཏེ“ཀྲུང་གོ་བོད་ཁང་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་གསེར་ཡིག་གི་སྒོ་བྱང་སྔར་བས་བཀྲག་མདངས་འཚེར་བར་བྱས་ཤིང་། རྟའུ་ཡིས་དོན་དངོས་ལ་གཞི་ཚུགས་པ་དང་གནད་སྨིན་ཇུས་འདོན་བྱས་ཏེ《རྟའུ་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་བཏང་ནས་རིག་གནས་ཡུལ་སྐོར་ལས་རིགས་རྒྱ་སྟོབས་ཆེ་རུ་གཏང་རྒྱུའི་ལྕག་སྐུལ་བྱ་ཐབས》བཏོན་ནས་དོན་ལ་གནས་ཤིང་གོ་ཆོད་པར་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
གཞན་ཡང་། རྟའུ་རུ་ཡོང་བའི་ཡུལ་སྐོར་བ་ཚང་མས་དྲོ་སྐྱིད་དང་སྟབས་བདེ། བློ་བདེའི་འགྲུལ་བཞུད་བཅས་མྱོང་ཚོར་ཐུབ་པར་བྱ་ཆེད། རྟའུ་རྫོང་2026ལོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཚོགས་ཆེན་དང་ཁམ་བུའི་མེ་ཏོག་སྐྱེ་ཁམས་རིག་གནས་མྱོང་རོལ་གཟའ་འཁོར་སྐབས་དང་པོའི་རིང་ལ། ས་གནས་རང་གིས"མགྲོན་རྩིས་བྱ་སྤྱོད་ཆེན་པོ་བཅུ"དམིགས་སུ་བཀར་ནས་བཏོན་ཡོད། ཏོན་ཅན་ལིན་གྱིས་ཞབས་ཞུ་འགན་ལེན་ཐད་ལ་ནང་མི་རང་ཁྱིམ་དུ་འབྱོར་བ་ལྟ་བུའི་བརྩེ་བ་དང་དྲོད་ཁོལ་སྟེར་གང་ཐུབ་དང་ཡུལ་སྐོར་བས་མེ་ཏོག་ལ་མྱོང་རོལ་ཕྱོགས་ཡོངས་ནས་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།།
ལོ་ཙཱ། ཨོ་རྒྱན། རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10