2026-04-14
སྲོལ་རྒྱུན་ཞིང་ལས་བྱ་ཡུལ་དུ་མང་ཚོགས12ཀྱིས་ལུས་ལ་མི་རིགས་ཀྱི་གྱོན་ཆས་སྤྲས་པ་དང་ལས་བགོས་མཉམ་སྒྲུབ་བྱས་ཏེ་རྨོད་མཛོ་ཡི་རྨོ་འདེབས་བྱེད་སྟངས་སླར་ཡང་མངོན་པ་རེད། རྨོད་མཛོ་ཡིས་རྨོད་འཐེན་ཏེ་ཐོང་གཤོལ་ལས་རོལ་འགྲིག་པོར་དོད་པ་དང་སོ་ནམ་རྨོད་སྐད་སྙན་མོའི་ཁྲོད་ནས་སྲོལ་རྒྱུན་རྨོད་འདེབས་ལག་རྩལ་གྱི་ནང་དོན་བསྟན་ཡོད།
དེང་རབས་ཞིང་ལས་བྱ་ཡུལ་དུ་འདྲུད་འཐེན་འཕྲུལ་འཁོར་ཆེ་གྲས་ཀྱིས་འུར་སྒྲ་སྒྲོག་བཞིན་ཞིང་སློག་པ་དང་མི་མེད་འདེབས་སྲུང་གནམ་གྲུ་མཁའ་ལ་འཕུར་བ་སོགས་ལས་བྲག་མགོ་ཞིང་ལས་འཕྲུལ་ཆས་ཅན་དང་རིག་ནུས་ཅན། དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་གྲུབ་འབྲས་གསོན་ཉམས་ལྡན་པ་མངོན་ཞིང་། སྲོལ་རྒྱུན་རྨོད་འདེབས་ཀྱི་ཤེས་དཔལ་དང་དེང་རབས་ཚན་རྩལ་མཉམ་འདྲེས་དམ་ཟབ་བྱུང་བར་མཚོན་ཡོད།
ཐེངས་འདིའི་དཔྱིད་རྨོད་ཐོན་སྐྱེད་ཀྱི་དམངས་སྲོལ་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་སྤེལ་བ་དེ་ནི་བྲག་མགོ་ཡི་སྲོལ་རྒྱུན་གྱི་རྨོད་འདེབས་རིག་གནས་བརྒྱུད་འཛིན་དང་དར་སྤེལ་བཏང་བ་ཞིག་ཡིན་ལ། རྫོང་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་གསོན་ཤུགས་གཅིག་བསྡུས་ཐོག་མངོན་པ་ཞིག་ཀྱང་རེད། བྱེད་སྒོས་རྒྱ་ཆེའི་མང་ཚོགས་དཔྱིད་རྨོད་ཐོན་སྐྱེད་ནང་ཞུགས་པའི་སྤྲོ་སེམས་དང་ངར་ཤུགས་སྔར་བས་བསླངས་ཏེ་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་བརྟན་འབབ་འཕར་དང་། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེན་པོ། ཡུལ་སྡེའི་ཐོན་ལས་དར་རྒྱས་གཏང་བ་བཅས་ལ་རྨང་གཞི་བརྟན་པོ་བཏིང་བ་དང་། ཞིང་ལས་ལ་བརྟེན་ནས་རིག་གནས་སྔར་བས་གཏིང་ཟབ་པོར་བཏང་ནས་བྲག་མགོ་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྒུལ་ནུས་ཆེན་པོ་བསྣན་ཏེ་མཐོ་སྒང་གི་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བའི་ལེའུ་གསར་པར་བྲིས་བ་རེད།།
གསར་འགོད་པ། ཡེ་ཤེས། རྩོམ་སྒྲིག་པ། ཡེ་ཤེས།
རྩོམ་གསར། 10