ལིས་ཁི་ཆང་དང་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-10-18

ལིས་ཁི་ཆང་དང་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧའེ་ཡཱ་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་བར་མ་ཟད་དྲི་བར་ལན་བཏབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧའེ་ཡཱ་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་བར་མ་ཟད་དྲི་བར་ལན་བཏབ།

རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་སོ་སོར་གྲོས་མོལ་གྱི་གྲུབ་འབྲས་ངོ་སྤྲོད་བྱས། ལིས་ཁི་ཆང་གིས་བསྟན་དོན། མིག་སྔའི་གནས་བབ་འོག ཀྲུང་གོ་དང་ཧོ་ལན་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་བར་གྱི་སྒོ་འབྱེད་རྒྱ་སྐྱེད་པ་དང་། ཞིང་ལས་དང་ནུས་ཁུངས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། སྤུས་མཐོ་བཟོ་སྐྲུན་ལས་རིགས་དང་ཞབས་ཞུ་ལས་རིགས་སོགས་ཀྱི་མཉམ་ལས་གསར་བ་རྒྱ་སྐྱེད་དགོས། མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་སོ་སོ་དང་མཉམ་དུ་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བར་གྲོས་མོལ་བྱེད་དགོས། ནམ་ཟླའི་འགྱུར་ལྡོག་དང་རྒན་པ་ཅན་དུ་འགྱུར་བར་ཁ་གཏད་འཇལ་བ་སོགས་ཕྱོགས་ནས་མཉམ་ལས་སྤེལ་ནས། མཉམ་དུ་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་ཟེར། 

ཀྲུང་གོའི་ཚོང་ར་སྒོ་འབྱེད་བྱེད་པའི་སྐོར་གྱི་དྲི་བར་ལན་འདེབ་སྐབས། ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་རྒྱུན་མཐུད་ངང་རང་བདག་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་ཡིན། ང་ཚོས་སྒོ་འབྱེད་ཀྱི་བྱེད་ཐབས་གསར་བ་སྐོར་ཞིག་ལག་བསྟར་བྱས་པ་དང་། ཡོ་རོབ་གླིང་གི་ཁེ་ལས་སྐོར་ཞིག་གིས་ཀྲུང་གོས་རྨང་གཞིའི་བཟོ་སྐྲུན་ལས་རིགས་ཀྱི་མ་རྐང་ཚད་བསྡུར་ཚོད་འཛིན་གློད་པ་ལས་ཁེ་བཟང་རག་ཐུབ་པ་བྱུང་། ང་ཚོའི་སྒོ་འབྱེད་སྲིད་ཇུསཀྱིས་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་ལྟ་སྟངས་གཅིག་འདྲ་བཟུང་བ་དང་། རྗེས་ཕྱོགས་ད་དུང་དངུལ་རྩའི་ཞབས་ཞུ་ལས་རིགས་དང་། བཟོ་སྐྲུན་ལས་རིགས་དང་ཞབས་ཞུ་ལས་རིགས་ཀྱི་ཚོང་རར་ཞུགས་ཆོག་པའི་ཚད་གཞི་ཇེ་ལྷོད་དུ་གཏོང་རྒྱུ་ཡིན། ཀྲུང་གོས་སྒོ་ཆེར་ཕྱེ་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་དགའ་བསུ་བྱེད་ཀྱིན་ཡོད་པ་དང་། ཁོ་ཚོས་ཀྱང་ཀྲུང་གོའི་སྐོར་ཐེངས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གོ་སྐབས་དམ་འཛིན་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར། 

ལུའི་ཐེ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཧོ་ལན་གཉིས་ཀྱིས་དཔལ་འབྱོར་ཉོ་འཚོང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་པ་དང་། ནམ་ཟླའི་འགྱུར་ལྡོག་སོགས་འགྲན་རྩོད་ལ་ཁ་གཏད་འཇལ་བ་སོགས་ཀྱི་ཐད་ཤུགས་ཆེན་པོ་བཏོན། མིག་སྔའི་གནས་བབ་འོག ཧོ་ལན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རང་དབང་དང་འདྲ་མཉམ་ཉོ་འཚོང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ། མུ་མཐུད་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བ། ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་སྤེལ་ནས། སྟོབས་ཤུགས་སྔར་ལས་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

 ཝང་དབྱི་དང་ཧྭི་ལིས་ཧྥེང་གཉིས་མཇལ་འཕྲད་ལ་ཞུགས།།


  • ལེ་ཚན་སྔོན་མ།:ལི་ཁེ་ཆང་ཨ་མོ་སེ་ཐ་ཏན་དུ་འབྱོར་ནས་ཧོ་ལན་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ནོར་ཝེའི་རྒྱལ་པོ་ཧ་ལར་སྐུ་ཕྲེང་ལྔ་པ་དང་གྲོས་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།