ལི་ཁེ་ཆང་ཨ་མོ་སེ་ཐ་ཏན་དུ་འབྱོར་ནས་ཧོ་ལན་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ།

        2018-10-18

ལི་ཁེ་ཆང་ཨ་མོ་སེ་ཐ་ཏན་དུ་འབྱོར་ནས་ཧོ་ལན་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ།

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོ། ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུས་ཐེ་ཡི་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨ་མུ་སེ་ཐེ་ཏན་ཧྲེ་ཅི་ཧྥུ་གནམ་ཐང་དུ་འབྱོར་ནས། ཧོ་ལན་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ་རེད།

          ལི་ཁེ་ཆང་ནི་ཧྲང་ཧའེ་མཉམ་ལས་སྒྲིག་བཙུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པར་བཞུགས་པ་མ་ཟད། ཐ་ཆིག་སི་ཐན་ལ་དངོས་གཞིའི་འཚམས་འདྲི་གནང་གྲུབ་རྗེས་ཨ་མུ་སི་ཐ་ཏན་ལ་འབྱོར་བ་ཞིག་རེད། ཏུ་ཧྲང་པེ་ནས་ཞལ་གྱེས་སྐབས་ཐ་ཆིག་སི་ཐན་གྱི་ཙུང་ལི་གཞོན་པ་དབྱི་པུ་ལ་ཤི་མུ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་ཐ་ཆིག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་གཞུང་ཚབ་ཆེན་མོ་གཡོས་པིང་སོགས་གནམ་ཐང་དུ་ཕེབས་སྐྱེལ་ལ་བཅར་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཧྥ་རན་སིའི་ན་གཞོན་འགོ་ཁྲིད་པའི་གླེང་སྟེགས་སྐབས་དྲུག་པའི་འཐུས་ཚབ་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་དང་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།