མཉམ་འབྲེལ་རྒྱལ་ཚོགས་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་ལས་ཁུངས་ལ་མེ་སྒོར་དུང་ཕྱུར་གཅིག་ལྷག་གི་རོགས་སྐྱོར་མ་དངུལ་ཐོབ།

        2018-09-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ལས་ཁུངས་དེས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་དངུལ་གསོག་ཚོགས་འདུའི་སྟེང་མེ་སྒོར་དུང་ཕྱུར་གཅིག་ལྷག་གི་རོགས་སྐྱོར་མ་དངུལ་ཐོབ་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་བྱེད་ཆེད། ཅོར་ཏན་དང་ཐུར་ཁེ། སུའེ་ཙེར། འཇར་པན། འཇར་མན། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱུན་སྡོད་འཐུས་ཚབ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་སུ་མཉམ་འབྲེལ་གྱིས་དངུལ་གསོག་ཚོགས་འདུ་བསྡུས་པ་དང་། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་དང་རྩ་ཛའུགས་ཀྱིས་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ལ་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བརྒྱད་ཞལ་འདེབས་སུ་འབུལ་རྒྱུ་ཁས་ལེན་བྱས་ཡོད་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། རོགས་སྐྱོར་མ་དངུལ་དེ་འབྱོར་རྗེས་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་མ་དངུལ་དཀོན་པའི་གནད་དོན་དེ་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བརྒྱད་ས་ཡ་དྲུག་ནས་མེ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་ལ་ཇེ་ཉུང་དུ་སོང་ཡོད་ཟེར།

  • ལེ་ཚན་སྔོན་མ།:​ཨ་མེ་རི་ཁ་དང་དབྱིན་ཇི་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་མྱུར་དུ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་དགོས་པའི་སྐུལ་མ་བཏང་།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་གང་མང་དུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།