2018-10-09
བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་གང་མང་དུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས་ཤིང་། ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་མགྲོན་པོ་རྣམས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་ལ་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་སྒུག་བྱས་ཡོད་ཅེས་བསྟན།
སོ་ཏི་ཨ་རབ་ཏུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་དང་དངོས་མང་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་བའི་སྟེང་། སོ་ཏི་ཨ་རབ་ཀྱི་ལས་རིགས་སོ་སོའི་མི་སྣས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་དང་དེ་མིན་ས་གནས་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཐད་ལ་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྨོན་འདུན་ཞུས།
སི་རི་ཡ་རུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ཤིང་། སྣེ་ལེན་ཚོགས་འདུར་ཞུགས་པའི་སི་རི་ཡའི་མགྲོན་པོ་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་དེ་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། སི་རི་ཡ་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པ་སྔར་ལས་མཛེས་སྡུག་ཅན་དུ་འགྱུར་བར་རེ་སྒུག་བྱས་ཡོད་ཅེས་བསྟན།
ཐན་ཙན་ནི་ཡ་རུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ཤིང་། ཚོགས་ཞུགས་མགྲོན་པོ་རྣམས་ཀྱིས་ཐན་ཙན་ནི་ཡ་དང་ཀྲུང་གོ་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་ཕྱིར་དྲན་བྱས་པར་མ་ཟད། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ནས་གཏན་འཁེལ་བྱས་པའི་འགུལ་སྐྱོད་ཆེན་པོ་བརྒྱད་ཀྱི་ཁྲོད་དུ་ཞུགས་ཏེ། ཐན་ཙན་ནི་ཡ་དང་ཀྲུང་གོའི་མཛའ་མཐུན་དང་གཉིས་ཕན་མཉམ་ལས་ཐད་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་ངེས་ཡིན་ཞེས་བསྟན།
ཕོ་ལན་དུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པའི་སྟེང་ཕོ་ལན་གྱི་མགྲོན་པོ་རྣམས་ཀྱིས་བཤད་རྒྱུར། ལོ་བཞི་བཅུའི་རིང་ལ། ཀྲུང་གོ་མི་དམངས་ཀྱིས་ཀུན་གྱིས་མཐོང་ཆེན་བྱེད་པའི་རླབས་ཆེན་གྲུབ་འབྲས་བླངས་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་བྱས་ཡོད་ཟེར།
ཐེ་གོ་རུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ཤིང་། ཚོགས་འདུར་ཞུགས་པའི་མགྲོན་པོ་རྣམས་ཀྱིས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་གདེང་འཇོག་བྱས་པར་མ་ཟད། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུད་གཅིག་ལམ་གཅིག་གི་སྤྱི་ཁོག་ནང་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཅེས་བསྟན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10