​ཨ་མེ་རི་ཁ་དང་དབྱིན་ཇི་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་མྱུར་དུ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་དགོས་པའི་སྐུལ་མ་བཏང་།

        2018-09-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་དང་དབྱིན་ཇི། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་ཉེར་བདུན་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉའི་གཞུང་སྒྲུབ་ཁང་གིས་མྱུར་མོར་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ཏེ་སི་རི་ཡཱ་ལ་རྩ་ཁྲིམས་གསར་བ་རྩོམ་འབྲི་བྱེད་དགོས་པའི་སྐུལ་མ་བཏང་། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇི། སོ་ཏི་ཨ་རབ། ཅོར་ཏན། འཇར་མན། ཧྥ་རན་སི། ཨེ་ཅིབ་སོགས་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་གསལ་སྒྲོག་ནང་ཆེད་མངག་ཕོ་ཉའི་གཞུང་སྒྲུབ་ཁང་གིས་མྱུར་དུ་ཡིད་རྟོན་རུང་ཞིང་འཐུས་སྒོ་ཚང་བའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་བཙུགས་ནས། སི་རི་ཡཱའི་རྩ་ཁྲིམས་གསར་བ་རྩོམ་འབྲི་བྱས་ཏེ། སི་རི་ཡཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་རང་དབང་དང་དྲང་བདེན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྨང་གཞི་འདིང་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་འཁྲུག་རྩོད་བྱུང་ནས་ལོ་བདུན་ལྷག་འགོར་བ་དང་། མི་འབུམ་ཕྲག་འགའ་ལ་ཤི་རྨས་ཐེབས་པ་དང་། མི་ས་ཡ་འགའ་ཡུལ་གཞན་དུ་འཁྱམས། དེང་སྐབས་མཐུན་སྦྱོར་ལ་བརྟེན་པའི་ཕྱི་འབྲེལ་འགུལ་སྐྱོད་ཀྱིས་འཁྲུག་རྩོད་དེ་མཇུག་སྒྲིལ་དུ་འཇུག་པར་གལ་ཆེ། མྱུར་དུ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་བཙུགས་ན་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ཟེར། 

གསལ་སྒྲོག་ལས་ད་རུང་ཁ་ཚིག་དྲག་པོས་བསྟན་དོན། དམག་དོན་བྱེད་ཐབས་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱས་ན་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པ་དང་ཉམས་ཉེན་གྱི་ཁྱབ་ཁོངས་སྔར་ལས་ཇེ་ཆེར་འགྲོ་བ་ལས་ཕན་ཐོགས་མེད་ཟེར། 


  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་73པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་ལས་ཁུངས་ལ་མེ་སྒོར་དུང་ཕྱུར་གཅིག་ལྷག་གི་རོགས་སྐྱོར་མ་དངུལ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།