ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་དུ་དྲག་ཆས་འཇབ་རྒོལ་ཐེབས་ཏེ་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར།

        2018-09-25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོང་གོ་ཅིན་གྱི་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་གསར་འགོད་པར་བདེན་དཔང་བྱས་དོན། ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་ཁོང་གོ་ཅིན་སྲིད་གཞུང་དམག་དཔུང་དང་ཝུ་ཀན་ཏཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་དམངས་གཙོའི་མནའ་མཐུན་དམག་གིས་ཤར་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་བྱས་པ་དང་། འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

དམག་ཕྱོགས་ཀྱིས་བཤད་རྒྱུར། ཝུ་ཀན་ཏཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་དམངས་གཙོ་མནའ་མཐུན་དམག་གིས་ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་པེ་ནེ་ས་ཁུལ་དུ་འཇབ་རྒོལ་བྱས་པ་དང་། ཁོང་གོ་ཅིན་གྱི་བདེ་འཇགས་དམག་དཔུང་བར་དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་སྟབས། ས་དེའི་སྡོད་དམངས་མང་བོ་ཡུལ་གཞན་དུ་ཉེན་ཡོལ་བྱེད་དུ་བྲོས་ཡོད་ཟེར། 

དམག་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་ཉེར་ལྔའི་ཁྲོད། མི་སེར་དཀྱུས་མ་ཉི་ཤུ་དང་དམག་མི་ལྔ་ཡོད། དེ་ལས་གཞན་མི་བཅུ་ཕྲག་འགར་རྨས་ཕོག་པའམ་གར་སོང་མ་རྙེད། འཇབ་རྒོལ་མཁན་གྱིས་ད་རུང་སྡེ་མི་རེ་འགའ་བཙན་ཁྲིད་བྱས་ནས་ནགས་གསེང་དུ་བྲོས་བྱོལ་བྱས།།

  • ལེ་ཚན་སྔོན་མ།:རྒྱ་གར་གྱི་ཐི་ལོན་ཀན་ནཱ་པང་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་ང་བཞི་རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:སུའེ་ཙེར་གྱི་ཚོང་དོན་གྲུ་གཟིངས་ཤིག་གི་གྲུ་བ་བཅུ་གཉིས་ནེ་ཀྲི་རི་ཡཱའི་ཉེ་འདབས་མཚོ་ཁོངས་ནས་བཙན་ཁྲིད་བྱས།
  • དོ་སྣང་ཆེ་བའི་རྩོམ།