མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-09-13
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ལྷོ་ཕྱོགས་ཀྱི་ཐི་ལོན་ཀན་ནཱ་པང་དུ་ཚེས་བཅུ་གཅིག་ཉིན་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ང་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག
བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་དེས་འགྲུལ་བ་གྱ་བདུན་དྲུད་ཡོད་པ་དང་། ཐི་ལོན་ཀན་ནཱ་པང་གི་ལྟེ་གནས་གྲོང་ཁྱེར་ཧེ་ཏི་ལཱ་པཱ་བྱང་ངོས་ཀྱི་སྤྱི་ལེ་བརྒྱ་དང་དོན་དྲུག་གི་མཚམས་སུ་ཡོད་པའི་ཅཱ་ཀི་ཏིས་ཡཱ་ཨར་ས་ཁུལ་ནས་གྲོག་རོང་དུ་ལྷུང་བ་རེད། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས། གྲོག་རོང་དུ་ལྷུང་བའི་འགྲུལ་སྐྱེལ་རླངས་འཁོར་དེ་ཐི་ལོན་ཀན་ནཱ་པང་སྐྱེལ་འདྲེན་ཀུང་ཟིར་གཏོགས་པ་རེད།
ཅཱ་ཀི་ཏིས་ཡཱ་ཨར་ས་ཁུལ་སྲིད་གཞུང་གི་དཔོན་པོ་ལཱ་ཅེ་སཱ་མུའུ་ཡིས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་གཟབ་ནན་མ་བྱས་པ་ནི་ཐེངས་འདིའི་དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་རེད་ཟེར།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10