2018-09-25
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། སུའེ་ཙེར་གྱི་རྒྱལ་དར་བཀལ་ཡོད་པའི་ཚོང་དོན་གྲུ་གཟིངས་ཤིག་ལ་ནེ་ཀྲི་རི་ཡཱའི་ཉེ་འདབས་མཚོ་ཁོངས་ནས་འཇབ་རྒོལ་ཐེབས་པ་དང་། གྲུ་སྟེང་གི་གྲུ་བ་བཅུ་གཉིས་བཙན་ཁྲིད་བྱས།
དོན་རྐྱེན་དེ་ཚེས་ཉེར་གཉིས་ཉིན་བྱུང་བ་དང་། སྐབས་ཐོག་དེར་གྲོ་དྲུད་པའི་ཚོང་དོན་གྲུ་གཟིངས་ཆུང་བ་དེ་ནེ་ཀྲི་རི་ཡཱའི་ལཱ་ཀི་སི་གྲོང་ཁྱེར་དང་ལྷོ་ཕྱོགས་ཀྱི་གྲུ་ཁ་ཧཱ་ཁི་ཐི་བར་གྱི་མཚོ་ཁོངས་སུ་བགྲོད་བཞིན་ཡོད་པ་དང་། གྲུ་སྟེང་དུ་གྲུ་བ་བཅུ་དགུ་ཡོད། མིག་སྔར་བཙན་ཁྲིད་བྱེད་མཁན་གྱི་ཐོབ་ཐང་གསལ་བོར་མི་ཤེས།
སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། བཙན་ཁྲིད་ཐེབས་པའི་གྲུ་བ་བཅུ་གཉིས་ཀྱི་གྲས་སུ་སུའེ་ཙེར་གྱི་སྤྱི་དམངས་མེད་ཟེར།
ཚོང་དོན་གྲུ་གཟིངས་དེའི་གྲུ་བདག་གིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོ་ཚོས་འབྲེལ་ཡོད་ཕྱོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་བཞིན་ཡོད་པ་དང་། བཙན་ཁྲིད་ཐེབས་པའི་མི་སྣ་རྣམས་མྱུར་མོར་ཕྱིར་གཏོང་བར་བརྩོན་ལེན་བྱེད་བཞིན་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10