ཝང་ཧུའུ་ཉིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་གོ་ཝང་དང་གྲོས་མོལ་མཛད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-08-23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་པེ་ཅིན་ནས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་གོ་ཝང་དང་གྲོས་མོལ་མཛད།

ཝང་ཧུའུ་ཉིང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པར་མ་ཟད་ཡོ་ནན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་ནན་བར་གྱི་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་བཟང་བོ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་འབྲེལ་འདྲིས་ཆབ་སྲིད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་ཀྲུང་གོ་དང་ཡོ་ནན་བར་གྱི་ལས་སྐལ་གཅིག་པའི་ཚོགས་པའི་བདེ་འཇགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མྱུར་དུ་ལག་བསྟར་བྱེད་དགོས་ལ། མི་གཞུང་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བའི་དམངས་དོན་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ལྷོ་ཕྱོགས་རྒྱ་མཚོའི་གནས་བབ་ཞི་བདེ་དང་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས་ཟེར།

ཁྲིན་གོ་ཝང་གིས་བཤད་རྒྱུར། ཡོ་ནན་དང་ཀྲུང་གོ་ཏང་གཉིས་ཀྱི་འབྲེལ་བས་ཡོ་ནན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་གནད་འགག་སྣེ་ཁྲིད་ཀྱི་ནུས་པ་བཏོན། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་འོག ཡོ་ནན་དང་ཀྲུང་གོའི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་གསར་བ་བྱུང་། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་བར་གྱི་བརྗེ་རེས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཡོ་ནན་དང་ཀྲུང་གོར་འཐབ་ཇུས་དོན་སྙིང་ལྡན་པའི་ལས་སྐལ་གཅིག་པའི་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།།


  • ལེ་ཚན་སྔོན་མ།:ཀྲུང་གོའི་ཚན་རིག་གླིང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་གྲོས་མཐུན་བཀོད།
  • ལེ་ཚན་རྗེས་མ།:ཝང་ཆི་ཧྲན་གྱིས་ས་ཨར་ཝ་ཏོའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།