མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-08-23
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་ས་ཨར་ཝ་ཏོའི་ཙུང་ཐུང་ཚབ་མའི་ལས་འགན་གྱི་གཏན་འཁེལ་མི་སྣ་དང་པོ་ཀང་ས་ལི་སི་དང་། ཙུང་ཐུང་ཁྲིམས་ལུགས་ཀྱི་དྲུང་ཡིག་ཨ་ཨར་ཝ་ལ་ཏོ། ཕྱི་འབྲེལ་པུའུ་ཀྲང་ཁ་སི་ཐ་ནི་ཏ་བཅས་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་ཉེར་གཅིག་ཉིན་ཀྲུང་ནན་ཧེ་ནས་ས་ཨར་ཝ་ཏོའི་ཙུང་ཐུང་ཚབ་མའི་ལས་འགན་གྱི་གཏན་འཁེལ་མི་སྣ་དང་པོ་ཀང་ས་ལོས་སི་དང་། ཙུང་ཐུང་ཁྲིམས་ལུགས་ཀྱི་དྲུང་ཡིག་ཨ་ཨར་ཝ་ལ་ཏོ། ཕྱི་འབྲེལ་པུའུ་ཀྲང་ཁ་སི་ཐ་ནི་ཏ་བཅས་ལ་མཇལ་འཕྲད་གནང་། ཝང་ཆི་ཧྲན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་སང་ཆེ་སི་ལ་སྙིང་ཉེ་བའི་འཚམས་འདྲི་བྱས་པ་བརྒྱུད་སྒྲོག་བྱས་པར་མ་ཟད། ཀྲུང་གོ་དང་ས་ཨར་ཝེ་ཏོའི་ཕྱི་ཕྱོགས་འབྲེལ་བར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཀྲུང་གོ་དང་ས་ཨར་ཝ་ཏོ་གཉིས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་སྟེང་ནས་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་དང་། དེ་ནི་རྒྱལ་སྤྱིའི་དོན་ཆེན་དང་མཐུན་པར་མ་ཟད། དུས་རབས་ཀྱི་རླབས་རྒྱུན་དང་ཡང་མཐུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གསར་གཏོད་ཀྱི་མདུན་ལྗོངས་ཆེན་པོ་ཞིག་བསྐྲུན་ཡོད་པ་ལས། གཞན་རྒྱལ་ཁབ་གཉིས་ཀྱི་གཞི་རྩའི་རྩ་དོན་དང་ཡུན་རིང་གི་ཁེ་ཕན་དང་མཐུན། ཕྱོགས་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བའི་རྗེས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་ཕན་ཚུན་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ། ཕྱོགས་གཉིས་བར་གྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ལ་ཚད་མཐོན་པོས་འཆར་འགོད་དང་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་རྣམ་པ་གསར་བ་ཞིག་གསར་སྐྲུན་བྱས་ཏེ། ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར། ས་ཨར་ཝ་ཏོ་ཕྱོགས་ཀྱིས་ཙུང་ཐུང་སང་ཆེ་སི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད། ས་ཨར་ཝ་ཏོ་ཕྱོགས་ཀྱིས་བསྟན་དོན། ས་ཨར་ཝ་ཏོ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་སྟེང་གི་གོ་གནས་དང་ནུས་པར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་ནི་ས་ཨར་ཝ་ཏོ་ཕྱོགས་ཀྱིས་སྒྲུབ་པའི་ལོ་རྒྱུས་རང་བཞིན་གྱི་གདམ་གསེས་ཡིན་པས། དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་ཡོངས་སུ་མཐུན་པ་རེད། ས་ཨར་ཝ་ཏོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་ཕན་ཚུན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10