ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངགས་ཕོ་ཉ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་སང་གཱ་ཕོར་གྱི་སྔོན་ཆད་ཀྱི་ཙུང་ལི་ལིས་ཀོང་ཡའོ་ཡི་དུར་འཇུག་མཛད་སྒོར་ཞུགས།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2015-03-31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་གྱི་ཕྱི་དྲོར་སང་གཱ་ཕོར་སྲིད་གཞུང་གིས་སྔོན་ཆད་ཀྱི་ཙུང་ལི་ལིས་ཀོང་ཡའོ་ལ་རྒྱལ་ཁབ་རིམ་པའི་དུར་འཇུག་མཛད་སྒོ་བསྡུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངགས་ཕོ་ཉ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ཆེད་དུ་སང་གཱ་ཕོར་སོང་ནས་དུར་འཇུག་མཛད་སྒོར་ཞུགས། ལིས་ཡོན་ཁྲའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཚབ་མཛད་པར་མ་ཟད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་མིང་ཐོག་ནས་སྐུ་ཞབས་ལིས་ཀོང་ཡའོ་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། སང་གཱ་ཕོར་ཕྱོགས་ལ་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ངག་འཕྲིན་བརྒྱུད་སྒྲོག་བྱས།

ཞི་ཅིན་ཕེན་གྱིས་ལིས་ཞན་ལུང་ལ་བསྐུར་བའི་ངག་འཕྲིན་ནང་དུ་སྐུ་ཞབས་ལིས་ཀོང་ཡའོ་སྐུ་གཤེགས་པར་སེམས་གཏིང་ནས་སྐྱོ་གདུང་ཚད་མེད་སྐྱེས་ཡོད་ཅེས་བསྟན། ཁོས་གསུང་རྒྱུར། སྐུ་ཞབས་ལིས་ཀོང་ཡའོ་ནི་སང་གཱ་ཕོར་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་གཏོད་མཁན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་བརྩི་མཐོང་བྱེད་པའི་ཆབ་སྲིད་པ་དང་འཐས་ཇུས་མཁན་ཡིན། ཁོང་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་དང་བདག་གིས་ཧ་ཅང་བརྩི་བཀུར་བྱེད་པའི་དཔྱོད་ལྡན་པ་དང་རྒན་རབས་པ་ཡིན། ཁོ་རང་ཀྲུང་གོ་དང་སང་གཱ་ཕོར་གྱི་འབྲེལ་བའི་རྨང་འདིང་མཁན་དང་གསར་གཏོད་མཁན། སྐུལ་འདེད་མཁན་ཡིན་པའི་ཆ་ནས་སྐུ་ཞབས་ལིས་ཀོང་ཡའོ་ཡིས་ཀྲུང་གོའི་རྒན་རབས་མགོ་ཁྲིད་པ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་མཉམ་དུ་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་ལ་སྐུལ་འདེད་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གསར་གཏོད་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད། དེང་སྐབས་ཀྲུང་གོ་དང་སང་གཱ་ཕོར་བར་གྱི་འབྲེལ་བས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། བདག་གིས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་སང་གཱ་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཁྱོངས་འཕེལ་རྒྱས་སུ་གཏོང་བ་དང་། ད་ལོའི་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པ་གོ་སྐབས་སུ་བརྩིས་ནས། ཁྱིམ་མཚེས་མཛའ་མཐུན་སྲ་བརྟན་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།  ། 

  • ལེ་ཚན་སྔོན་མ།:སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་ད་ལོའི་ཟླ་དགུ་བར་ནན་ཉིན་ནས་བསྡུ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཀའེ་ཚི་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།