སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་ད་ལོའི་ཟླ་དགུ་བར་ནན་ཉིན་ནས་བསྡུ་རྒྱུ་རེད།

    ཞིན་ཧྭ་གསར་འགྱུར་དྲ་བ།    2015-03-23

ཀྲུའུ་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུའི་དྲུང་ཡིག་ཁྲུའུ་ཞིབ་འཇུག་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་ཧོང་ཀང་གིས་ཚེས་ཉི་ཤུ་ཉིན་ནན་ཉིན་ནས་བཤད་པ་ལྟར་ན། སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་དེས་ཚོང་རྫས་ཉོ་ཚོང་དང་དངུལ་གཏོང་མཉམ་ལས། སྔོན་ཐོན་ལག་རྩལ། ཞབས་ཞའི་ཉོ་ཚོང་། མཛེས་པའི་གྲོང་ཁྱེར་བཅས་ཆེད་དོན་ལྔ་གསར་སྐྲུན་བྱས་ནས། གླེང་སྟེགས་རབ་དང་རིམ་པ་བསྡུ་རྒྱུ་དང་། ཁུལ་གཅིག་དང་ལམ་གཅིག་གི་འཐབ་ཇུས་ལ་ཞབས་ཕྱི་བསྒྲུབ་རྒྱུ་ཡིན་ཟེར།

ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རྒྱ་མཚོ་མཉམ་ལས་ལོ་ཡིན། སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་དེ་ད་ལོའི་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར་ནན་ཉིན་ནས་བསྡུ་རྒྱུ་རེད། གླེང་སྟེགས་ཀྱིས་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱས་ནས། རྒྱ་མཚོའི་མཉམ་ལས་ཀྱི་མཛེས་པའི་མ་འོངས་པ་མཉམ་དུ་གསར་གཏོད་བྱེད་དགོས་ཞེས་པའི་བརྗོད་བྱ་གཙོ་བོ་དེར་དམིགས་ནས། ས་ཁུལ་གཅིག་དང་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།

དེ་ལས་གཞན། ད་ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཚོགས་འདུས་ཁོར་ཡུག་སྲུང་སྐྱོབ་དང་དངུལ་ལོར། ཚན་རྩལ། རིག་མཛོད་བཅས་ལ་དམིགས་ཏེ། གླེང་སྟེགས་རབ་དང་རིམ་པ་བསྡུ་རྒྱུ་མ་ཟད། རིག་གནས་དང་སློབ་གསོ། ལུས་རྩལ་སོགས་མི་གཞུང་བརྗེ་རེས་བྱེད་པ་དང་། ས་ཁུལ་གཅིག་དང་ལམ་གཅིག་གི་ཁྱབ་ཁོངས་གཙོ་བོའི་ལས་གཞིར་སྐུལ་འདེད་བཏང་སྟེ། རྒྱ་མཚོ་མཉམ་ལས་ལ་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་དམངས་བློའི་རྨང་གཞི་འདོན་སྤྲོད་བྱེད་རྒྱུ་རེད།

  • ལེ་ཚན་སྔོན་མ།:བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་དུས་འཁོར་དཀྱིལ་འཁོར་ལ་ཅི་ཉི་སིའི་དཔང་ཡིག་ཐོབ།
  • ལེ་ཚན་རྗེས་མ།:ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངགས་ཕོ་ཉ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་སང་གཱ་ཕོར་གྱི་སྔོན་ཆད་ཀྱི་ཙུང་ལི་ལིས་ཀོང་ཡའོ་ཡི་དུར་འཇུག་མཛད་སྒོར་ཞུགས།
  • དོ་སྣང་ཆེ་བའི་རྩོམ།