ཐུར་ཁེ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2015-03-18

ཐུར་ཁེ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།
 

           ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན།ཐུར་ཁེའི་ཨན་ཁཱ་ལཱ་ནས་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་ཧང་ག་རིའི་ཙུང་ཐུང་ཨ་ཏའེ་ཨར་གཉིས་ཀྱིས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ།
  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་འཚམས་འདྲིར་ཡོང་བའི་ཧང་ག་རིའི་ཙུང་ཐུང་ཨ་ཏའེ་ཨར་གཉིས་ཀྱིས་ཚེས་བཅུ་གཉིས་ཉིན་ཨན་ཁཱ་ལཱ་ནས་བསྟན་དོན།རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།
  ཨ་ཏའེ་ཨར་གྱིས་ཉིན་དེར་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྣ་མང་ཅན་གྱི་ནུས་ཁུངས་མཉམ་ལས་ལ་གྲོས་བསྡུར་བྱས་ཟེར།ཁོས་བསྟན་དོན།རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་ལས་གཞིའི་མཉམ་ལས་ཀྱིས་དཔལ་འབྱོར་ཁེ་ཕན་གཙོར་བཟུང་ནས་གང་ནུས་ཀྱིས་ཆབ་སྲིད་གནད་དོ་ལ་གཞོལ་ཅི་ཐུབ་བྱེད་དགོས།ཧང་ག་རི་ཡིས་རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་ལས་གཞིའི་མཉམ་ལས་ཐད་བཀག་རྒྱ་ཅི་ཡང་མི་འབྱུང་བར་རེ་བས་ཁེངས་ཡོད་ཟེར།ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར།ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ནུས་ཁུངས་གསར་སྤེལ་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་།དེའི་ནང་ཨན་ནཱ་ཐའོ་ལེ་ཡཱ་བརྒྱུད་པའི་རང་བྱུང་སོལ་རླངས་སྦུག་ལམ་སོགས་འདུས་ཟེར།ཁོས་བསྟན་དོན།ཐུར་ཁེ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་ལོ་ཧྲིལ་བོའི་ཉོ་ཚོང་འབོར་གྲངས་དེ་གང་མགྱོགས་ཀྱིས་ན་ནིང་གི་མེ་སྒོར་ཐེར་འབུམ་གཉིས་ནས་ཐེར་འབུམ་ལྔ་བཅུར་ཇེ་མཐོར་གཏོང་དགོས་ཟེར།ཨེ་ཨར་ཏའོ་ཨན་གྱིས་ད་རུང་ཧང་ག་རི་ཡིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་ནམ་རྒྱུན་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།  །

  • ལེ་ཚན་སྔོན་མ།:ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་ཚོགས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་སུ་ཞུགས་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།