ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་ཚོགས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2015-03-06

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་ཚོགས།
གོས་སྐུ་བཤམས་པ།

     ཉེ་ལམ། སི་ཁྲོན་དང་།  མཚོ་སྔོན། ནང་སོག ཀན་ལྷོ་ས་ཁུལ་སོགས་ནས་སླེབས་པའི་སེར་སྐྱ་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སོགས་བསྡོམས་པས་མི་ཆིག་ཁྲི་ལྷག་བསང་ཆུ་རྫོང་བླ་བྲང་དགོན་པའི་རྒྱ་ལོའི་སྨོན་ལམ་ཆེན་མོར་ཞུགས་ཤིང་། བྱེད་སྒོ་ཡོངས་སུ་དགའ་སྐྱིད་ཀྱི་རྣམ་པས་ཁེངས་ལ། སེར་སྐྱ་མི་དམངས་ཀུན་ཀྱིས་ལོ་གསར་བའི་ནང་ལོ་ལེགས་འབྱུང་ཞིང་ཕྱུགས་རིགས་རྒྱས་ལ། རྒྱལ་ཁབ་དར་ཞིང་དམངས་བདེར་འཚོ་བར་སྨོན་འདུན་ཞུས།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་ཚོགས།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་
འཚོགས། 

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་ཚོགས།
འཆམ་གྱི་རྣམ་པ།

     བླ་བྲང་དགོན་པ་ནི1709ལོར་བཙུགས་ཤིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ཡོད་པ་དང་། ལོ་རེར་ཡང་གཞི་རྒྱ་ཆེ་བའི་ཆོས་ཚོགས་མང་པོ་འདུག

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་ཚོགས།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་
འཚོགས། 

     ད་ལོའི་བྱེད་སྒོའི་ནང་དོན་གལ་ཆེ་བ་ནི་དམ་བཅའ་འཇོག་པ་དང་། ཚད་མའི་རྩོད་པ། ཞལ་འདོན། གོས་སྐུ་བཤམས་པ། འཆམ་འཁྲབ་པ། སྨོན་ལམ་སོགས་འདུས་ཤིང་། དེ་ལས་ཚེས་བརྒྱད་ཉིན་ནི་ཚེ་ཐར་གཏོང་བའི་ཉིན་མོ་དང་། ཚེས་བཅུ་གསུམ་ནི་གོས་སྐུ་བཤམས་པའི་ཉིན་མོ། ཚེས་བཅུ་བཞི་ནི་འཆམ་འཁྲབ་པའི་ཉིན་མོ། ཚེས་བཅོ་ལྔ་ནི་མེ་ཏོག་མཆོད་མཇལ། ཚེས་བཅུ་དྲུག་ནི་བྱམས་པ་གླིང་སྐོར་ཡིན།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་ཚོགས།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་
འཚོགས། 


  • ལེ་ཚན་སྔོན་མ།:ཧན་གོ་དང་ཨ་མེ་རི་ཁས་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་ཁྲའོ་ཞན་གྱིས་ཨ་མེ་རི་ཁར་འཐབ་འཁྲུག་སློང་རྒྱུའི་ཉེན་བརྡ་བཏང་།
  • ལེ་ཚན་རྗེས་མ།:ཐུར་ཁེ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།