ཧན་གོ་དང་ཨ་མེ་རི་ཁས་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་ཁྲའོ་ཞན་གྱིས་ཨ་མེ་རི་ཁར་འཐབ་འཁྲུག་སློང་རྒྱུའི་ཉེན་བརྡ་བཏང་།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2015-03-06

ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་སྤྱི་ཁང་གིས་ཟླ་གསུམ་པའི་ཚེས་གཅིག་ཉིན་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁས་ཚེས་གཉིས་ཉིན་ནས་བཟུང་གནད་འགག་གི་བརྡར་གཅོད་དང་གླག་རྒོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་རྩོམ་རྒྱུ་ཡིན་ཟེར།
དུས་ནམ་རྒྱུན་ཁྲའོ་ཞན་གྱིས་ཧན་གོ་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བར་རྒོལ་གཏམ་གཏོང་བ་དང་། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཛ་དྲག་ཏུ་བཏང་བར་སྐྱོན་འཛུགས་བྱས།
བསྒྲགས་པ་ལྟར་ན། གནད་འགག་གི་བརྡར་གཅོད་ཅེས་པའི་དམག་དོན་སྦྱོང་བརྡར་དེ་ནི་ཟླ་གསུམ་པའི་ཚེས་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། ཧན་གོའི་དམག་མི་ཁྲི་གཅིག་དང་ཨ་མེ་རི་ཁའི་དམག་མི་སྟོང་བརྒྱད་དང་དྲུག་བརྒྱ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་ལ། གཙོ་བོ་རྩིས་འཁོར་གྱི་ལད་བཟླས་སོགས་ཀྱི་ཐབས་ལ་བརྟེན་ནས་མཉམ་འབྲེལ་བཀོད་འདོམས་ཁང་གི་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། ཡུལ་གྱི་རྣམ་པ་སྣ་ཚོགས་ལ་ཚོད་ལྟ་བྱས་ཏེ་ཧན་གོ་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་མཉམ་འབྲེལ་འགུལ་སྐྱོད་དང་འཐབ་འཛིང་ནུས་པ་ཇེ་ཆེར་གཏོང་བར་ཡར་སྐུལ་བྱེད་རྒྱུ་རེད།
གླག་རྒོད་ཅེས་པའི་དམག་དོན་སྦྱོང་བརྡར་དེ་ཟླ་གསུམ་པའི་ཚེས་གཉིས་ཉིན་ནས་ཟླ་བཞི་བའི་ཚེས་ཉེར་བཞིའི་ཉིན་བར་སྤེལ་ཡིན་པ་དང་། ཧ་ལམ་ཧན་གོའི་ཕྱོགས་ཀྱི་དམག་མི་འབུམ་གཉིས་དང་ཨ་མེ་རི་ཁའི་དམག་མི་སྟོང་གསུམ་དང་བདུན་བརྒྱ་ཞུགས་རྒྱུ་རེད། དེ་ནི་དོན་དངོས་ཀྱི་དམག་ཤུགས་དང་སྒྲིག་ཆས་ལ་བརྟེན་ནས་གཡུལ་འཐབ་སྦྱོང་བརྡར་བྱེད་རྒྱུ་ཡིན་ལ། མཚོ་དམག་དང་སྐམ་དམག མཁའ་དམག་བཅས་ཞུགས་རྒྱུ་རེད།
དེ་ལས་གཞན་ཨོ་སི་ཁྲུ་ལི་ཡཱ་དང་ཁཱ་ནཱ་ཏཱ། ཏན་མག ཧྥ་རན་སི། དབྱིན་ཇི་བཅས་ཀྱིས་དམག་མི་ཉུང་ཙམ་མངག་ནས་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་ཚོགས།
  • དོ་སྣང་ཆེ་བའི་རྩོམ།