ཞི་ཅིན་ཕེན་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་སུ་ཞུགས་རྒྱུ་རེད།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2015-03-20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོ་ཀྲིག་ཝུན་ཀྲུང་གིས་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་2015ལོའི་ལོ་ཚོགས་ཀྱི་གྲ་སྒྲིག་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་ལོ་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་རེད།སྐབས་འདིའི་ལོ་ཚོགས་སུ་ཞུགས་པའི་མགོ་ཁྲིད་པ་སྐབས་སྔོན་མ་ལས་མང་རྒྱུ་རེད་ཟེར།

ཀྲིག་ཝུན་ཀྲུང་གིས་མཚམས་སྦྱོར་བྱས་པ་ལྟར་ན།པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2015ལོའི་ལོ་ཚོགས་དེ་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་དགུ་ཉིན་བར་ཧེ་ནན་ཞིང་ཆེན་གྱི་པའོ་ཨོ་ནས་བསྡུ་རྒྱུ་རེད།ལོ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་ཨེ་ཤ་ཡའི་མ་འོངས་པ་གསར་བ་སྟེ་ལས་དབང་ཐུན་མོང་ཚོགས་པར་བསྐྱོད་པ་ཞེས་པ་དེ་ཡིན། བརྗོད་བྱ་གཙོ་བོར་དམིགས་ནས་ལོ་ཚོགས་སྟེང་དངོས་གཞིའི་གྲོས་བསྡུར་ཐེངས་བདུན་ཅུ་དོན་བདུན་བཀོད་སྒྲིག་བྱས་ཡོད་ལ། ནང་དོན་གཙོ་བོར་ཆེ་ཕྱོགས་དཔལ་འབྱོར་དང་། ས་ཁོངས་མཉམ་ལས། ཐོན་ལས་ཀྱི་རྣམ་པ་བསྒྱུར་བ། ལག་རྩལ་གསར་སྐྲུན། ཆབ་སྲིད་བདེ་འཇགས། སྤྱི་ཚོགས་དམངས་ཚིས་བཅས་ཁྱབ་ཁོངས་དྲུག་འདུ་ཟེར།  ། 

  • ལེ་ཚན་སྔོན་མ།:ཐུར་ཁེ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།
  • ལེ་ཚན་རྗེས་མ།:བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་དུས་འཁོར་དཀྱིལ་འཁོར་ལ་ཅི་ཉི་སིའི་དཔང་ཡིག་ཐོབ།
  • དོ་སྣང་ཆེ་བའི་རྩོམ།