མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-01-03
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་བྱས་པའི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་མཉམ་ལས་ཉོ་ཚོང་དང་མི་རིགས་ལས་དོན་བཅོས་སྐྱོང་གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་བསྡུས།
ཐེངས་འདིའི་གྲོས་ཚོགས་ལ་ཚོགས་འགོ་རྩོམ་པའི་མཛད་སྒོ་དང་སྙན་ཞུ་གཙོ་བོ། རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྐོར་གྱི་ཡན་ལག་གླེང་སྟེགས། རྒྱུད་གཅིག་ལམ་གཅིག་དང་མི་རིགས་ལས་དོན་བཅོས་སྐྱོང་སྐོར་གྱི་ཡན་ལག་གླེང་སྟེགས། བརྗོད་བྱ་གཙོ་བོའི་གླེང་སྟེགས་བཅས་ཐད་ཀྱི་གོ་རིམ་ལྡན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་དང་ཨ་མེ་རི་ཁའི་ཧ་ཧྥའོ་སློབ་གྲྭ་ཆེན་མོ། ཨུ་རུ་སིའི་མོ་སི་ཁོ་སློབ་གྲྭ་ཆེན་མོ་སོགས་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་ཆེན་མོ་བཅུ་ལྷག་དང་། ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་ཆེད་མཁས་པ་དང་རིག་གནས་པས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་འགྲམ་རྒྱུད་ས་ཁུལ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། མི་རིགས་ལས་དོན་བཅོས་སྐྱོང་ཉམས་མྱོང་ལ་སྤྱི་བསྡོམས་དང་བརྗེ་རེས་བྱེད་པ་སོགས་གནད་དོན་གལ་ཆེན་ཐད་ནས་གཏམ་བཤད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10