ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་ན་ཆུང་སློབ་མ་དག་ལ་ཐ་སྙད་ཉན་འབྲིའི་འགྲན་སྡུར་སྤེལ།

        2015-01-27

ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་ན་ཆུང་སློབ་མ་དག་ལ་ཐ་སྙད་ཉན་འབྲིའི་འགྲན་སྡུར་སྤེལ།
འགྲན་སྡུར་གྱི་ཡུལ་དངོས།
      སློབ་ཆུང་སློབ་མ་དག་གི་ཐ་སྙད་ཉན་འབྲི་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་དང་། སློབ་མ་རྣམས་ཀྱིས་བྱ་དངོས་ཀྱི་ཐ་སྙད་རེ་རེ་བཞིན་ངོས་འཛིན་ཡོང་ཆེད། ཉེ་ཆར། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་སློབ་མ་རྣམས་ལ་ཐ་སྙད་ཉན་འབྲི་བྱེད་པའི་འགྲན་སྡུར་གྱི་བྱ་འགུལ་སྤེལ།
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་ན་ཆུང་སློབ་མ་དག་ལ་ཐ་སྙད་ཉན་འབྲིའི་འགྲན་སྡུར་སྤེལ།
བྱ་དགའ་ཐོབ་མཁན་གྱི་སློབ་མ།
      ཐེངས་འདིའི་བྱ་འགུལ་ལ་རང་སློབ་གྲྭས་བོད་ཡིག་ཁྲིད་དཔྱོད་ཁང་གིས་རྩ་འཛུགས་བྱས་པ་དང་། འཛིན་གྲྭ་མི་འདྲ་བ་ལ་ཁོ་ཚོའི་ཆུ་ཚད་དང་བསྟུན་ནས་ཐ་སྙད་ཉན་འབྲི་བྱས་ཏེ་འབྲི་རུ་བཅུག་པས། སློབ་མ་རྣམས་ལ་གཅིག་ནས་བོད་ཡིག་སློབ་འདོད་ཀྱི་འདུན་པ་དྲག་པ་ཞིག་སྐྱེས་པ་མ་ཟད། ནམ་རྒྱུན་སློབ་ཁང་དུ་འཛུལ་ཏེ་དཔེ་ཆ་བློ་སྐྱོར་ཁོ་ན་མ་ཡིན་པའི་སློབ་རའི་ར་སྐོར་དུ་བྱ་འགུལ་འདི་སྤེལ་བ་ལ་སློབ་མ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཀྱིན་པ་མ་ཟད།ཁོ་ཚོའི་ན་ཚོད་དང་མཐུན་པའི་བྱ་འགུལ་འདིས་བོད་ཡིག་ཀློག་འདོན་དང་འབྲི་སྦྱངས། ཐ་སྙད་ངོས་འཛིན་སོགས་ལ་གོ་བ་ཟབ་མོ་ཞིག་ལོན་དུ་བཅུག
  • ལེ་ཚན་སྔོན་མ།:ཀོས་ནན་དུང་དཀར་གཙགས་དྲུབ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁེ་ལས་གྲས་སུ་ཚུད།
  • ལེ་ཚན་རྗེས་མ།:དབྱི་རག་དམག་དཔུང་གིས་དབྱི་རག་ཤར་ཕྱོགས་ས་ཁུལ་གྱི་ཏིས་ཡཱ་ལཱ་ཞིང་ཆེན་ཕྱིར་འཕྲོག་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།