ཀོས་ནན་དུང་དཀར་གཙགས་དྲུབ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁེ་ལས་གྲས་སུ་ཚུད།

    མཚོ་སྔོན་པོ་དྲ་བ།    2015-01-27

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱི་ཡིག་ཆ་དྲུག་པའི་ནང་ཁྱབ་བསྒྲགས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2014ལོའི་ཚན་རྩལ་ཁེ་ལས་ཀྱི་མིང་ཐོའི་གྲས་སུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་དུང་དཀར་གཙགས་དྲུབ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟི་ཚུད་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་གསར་ཏུ་གཏན་འཁེལ་བྱས་པའི་ཚན་རྩལ་ཁེ་ལས་སོ་བདུན་གྲས་ཀྱི་གཅིག་རེད།
ཀོས་ནན་གཙགས་དྲུབ་དེ་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིན་ནས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སུ་བདམས་ཤིང་། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའུ་ནས་མཚོ་སྔོན་གྱི་ཁྱད་ཆོས་ཡོད་པའི་ཡུལ་སྐོར་ཐོན་རྫས་སུའང་བདམས་ཡོད། 
  • ལེ་ཚན་སྔོན་མ།:བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་བ༼གཙང་བོ།༽བྷིར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད།
  • ལེ་ཚན་རྗེས་མ།:ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་ན་ཆུང་སློབ་མ་དག་ལ་ཐ་སྙད་ཉན་འབྲིའི་འགྲན་སྡུར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།