ཕཱ་ཁི་སི་ཐན་གྱི་ས་འགུལ་ལས་མི་སུམ་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་ཁང་བ་ཕལ་ཆེར་བརྡིབས།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-09-27

ཕཱ་ཁི་སི་ཐན་གྱི་ས་འགུལ་ལས་མི་སུམ་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་ཁང་བ་ཕལ་ཆེར་བརྡིབས།

སྤྱི་ཟླ9བའི་ཚེས25ཉིན། ས་འགུལ་བྱུང་སའི་ཡུལ་དངོས་སུ། ས་དེའི་མི་རྣམས་ཀྱིས་ཞིག་རོ་གཙང་ཕྱགས་བྱེད་བཞིན་པ། ཕཱ་ཁི་སི་ཐན་དུ་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་སྟེ། མི་སུམ་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ།

 ཕཱ་ཁི་སི་ཐན་གྱི་ས་འགུལ་ལས་མི་སུམ་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་ཁང་བ་ཕལ་ཆེར་བརྡིབས།

སྤྱི་ཟླ9བའི་ཚེས25ཉིན། ས་འགུལ་བྱུང་སའི་མི་རྣམས་གནས་སྐབས་སུ་ཕུབ་པའི་ཁང་བའི་ནང་བསྡད་ཡོད་པ།

ཕཱ་ཁི་སི་ཐན་གྱི་ས་འགུལ་ལས་མི་སུམ་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་ཁང་བ་ཕལ་ཆེར་བརྡིབས།

སྤྱི་ཟླ9བའི་ཚེས25ཉིན། ས་འགུལ་དྲག་པོས་གཏོར་བརླག་ཐེབས་པའི་ཁང་བ།

ཕཱ་ཁི་སི་ཐན་གྱི་ས་འགུལ་ལས་མི་སུམ་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་ཁང་བ་ཕལ་ཆེར་བརྡིབས།

སྤྱི་ཟླ9བའི་ཚེས25ཉིན། རྒུད་སྐྱོབ་མི་སྣས་རྒུད་སྐྱོབ་དངོས་རྫས་སྟེར་བཞིན་པ།

ཕཱ་ཁི་སི་ཐན་གྱི་ས་འགུལ་ལས་མི་སུམ་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་ཁང་བ་ཕལ་ཆེར་བརྡིབས།

ས་འགུལ་བྱུང་རྗེས། ས་འགུལ་བྱུང་ས་གཙོ་བོ་དང་བར་ཐག་སྤྱི་ལེ་བཞི་བརྒྱ་ཡོད་པའི་བཀའ་ཏར་གྲུ་ཁའི་ཉེ་འདབས་ཀྱི་མཚོ་ཁོངས་སུ་གློ་བུར་དུ་གླིང་ཕྲན་ཆུང་ཆུང་ཞིག་མངོན་པར་འཕགས་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ཉིན། ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་དུ་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་བ་དང་། ཚེས་ཉེར་ལྔ་ཉིན། ཤི་བོའི་མི་གྲངས་སུམ་བརྒྱ་དང་ཉེར་བརྒྱད་ལ་འཕར་བ་དང་། དེའི་ནང་སློབ་མ་མང་བོ་ཡོད་ལ། ཚོད་དཔག་བྱས་ན་ཤི་བོའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད།

    ས་འགུལ་བྱུང་ས་གཙོ་བོ་པུས་ལུའུ་ཀྲི་ཞིང་ཆེན་གྱི་ཨ་ཝ་ལན་གྲོང་ཁྱེར་གྱི་ཉེ་འདབས་སུ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ཉི་ཤུ་ཡོད་པ་དང་། དེ་ནི་ཉིས་སྟོང་ལྔ་ལོའི་ཚུན་ལ་ཕཱ་ཁི་སི་ཐན་ནས་བྱུང་བའི་ཆེས་ཚབས་ཆེ་བའི་ས་འགུལ་ཞིག་ཡིན་པ་དང་། སྐབས་ཐོག་དེར་ས་འགུལ་ལས་མི་ཁྲི་བདུན་དང་སྟོང་ལྔ་རྐྱེན་ལམ་དུ་ཤོར།

    པུས་ལུའུ་ཀྲི་ཞིང་ཆེན་གྱི་མགྲིན་ཚབ་པ་པུའུ་ལེ་ཏིས་ཀྱིས་ཤི་བོ་སུམ་བརྒྱ་དང་ཉེར་བརྒྱད་ལ་འཕར་བ་དང་མི་བཞི་བརྒྱ་དང་བཞི་བཅུ་ལ་རྨས་ཕོག་ཡོད་ལ། ཚེ་འདས་དང་རྨས་ཕོག་པའི་མིའི་ཁྲོད་བུད་མེད་དང་བྱིས་པ་མང་བོ་ཡོད་པ་བདེན་དཔང་བྱས། གཞི་རྒྱ་ཆེ་བའི་གནོད་ཐེབས་ས་ཁུལ་གྱི་རྒུད་སྐྱོབ་འགུལ་སྐྱོད་མགོ་བརྩམས་པ་དང་། ང་ཚོའི་ཐོག་མའི་ལས་འགན་ནི་ཤི་བོའི་བེམ་པོ་འཚོལ་བ་དང་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་རྒྱུ་དེ་ཡིན་ཟེར།

    མགྲིན་ཚབ་པ་པུའུ་ལེ་ཏིས་ཀྱིས་ད་རུང་བཤད་རྒྱུར། མི་འབུམ་གསུམ་ལྷག་ལ་ས་འགུལ་གྱི་གནོད་འཚེ་ཐེབས་ཡོད་པ་དང་། མི་ཁྲི་དྲུག་ས་འགུལ་བྱུང་ས་གཙོ་བོ་དང་བར་ཐག་སྤྱི་ལེ་ལྔ་བཅུ་ལས་མེད་པའི་ས་ཁོངས་སུ་འཚོ་སྡོད་བྱས་ཡོད་ཟེར།

    དེ་ལས་གཞན་ས་འགུལ་དེ་ལས་ས་བབས་ཇེ་མཐོར་སོང་བ་དང་། ཕཱ་ཁི་སི་ཐན་གྱི་བཀའ་ཏར་ས་ཁུལ་གྱི་ཉེ་འདབས་མཚོ་ཁོངས་སུ་འགུལ་བྱུང་རྗེས་གླིང་ཕྲན་ཆུང་ཆུང་ཞིག་མངོན་པར་འཕགས་པ་རེད། །

  • ལེ་ཚན་སྔོན་མ།:ཡེ་མིན་གྱི་དམག་དོན་གསང་འཕྲིན་དཔོན་པོར་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:ཨོ་པཱ་མཱ་དང་ལུའུ་ཧཱ་ནེ་གཉིས་ཀྱིས་ཁ་པར་ལམ་ནས་གྲོས་མོལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།