ཨོ་པཱ་མཱ་དང་ལུའུ་ཧཱ་ནེ་གཉིས་ཀྱིས་ཁ་པར་ལམ་ནས་གྲོས་མོལ་བྱས་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2013-09-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན།ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་བདུན་ཉིན་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ལ་ཁ་པར་བཏང་།ཨོ་པཱ་མཱ་ཡིས་བཤད་རྒྱུར།ང་ཚོས་ཕྱོགས་ཡོངས་ཀྱི་ཐག་གཅོད་བྱེད་ཐབས་ཤིག་ལ་གྲོས་འཆམ་འབྱུང་བར་ཡིད་ཆེས་ཡོད་ཟེར།
ཙུང་ཐུང་ཨོ་པཱ་མཱ་ཡིས་བཤད་རྒྱུར།ཁོས་མ་འོངས་པར་མདུན་དུ་ལྷགས་པའི་འགྲན་རྩོད་ལ་རྒྱུས་ལོན་ཡོད་ཟེར།དེ་ནི་ཨ་མེ་རི་ཁའི་ཙུང་ཐུང་དང་དབྱི་ལིང་གི་ཙུང་ཐུང་གིས་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོའི་ཚུན་ལ་ཐོག་དང་པོར་གྲོས་མོལ་བྱས་པ་དང་།དེ་ལས་རྒྱལ་ཁབ་གཉིས་བར་ཡིད་མི་ཆེས་པའི་སྣང་ཚུལ་ཚབས་ཆེན་ཡོད་པ་མཚོན་ལ།ང་ཚོ་འདས་སོང་གི་དཀའ་སྡུག་ལོ་ཟླ་དེ་ལས་བརྒལ་ཐུབ་པ་ཡང་མཚོན་ཡོད་པས།ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་པའི་རྨང་གཞི་ཡོད་པར་ཡིད་ཆེས་ཡོད་ཟེར།
བསྒྲགས་པའི་གནས་ཚུལ་ལས་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཇི་ལྟར་ལན་བྱིན་པ་གསལ་བོར་གླེང་མེད།བསྒྲགས་པའི་གནས་ཚུལ་ལྟར་ན།ཨོ་པཱ་མཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་དབྱི་ལིང་གི་ཙུང་ཐུང་གསར་བ་ལུའུ་ཧཱ་ནེ་ལ་ཐག་འཕྲད་མ་བྱས་པ་དང་།ལུའུ་ཧཱ་ནེ་ཡི་གྲོས་གཞི་དང་ལེན་བྱས་ཏེ་ཉིང་རྡུལ་ནུས་པའི་གྲོས་མཐུན་འགོད་པའི་རྨང་གཞིར་བྱེད་རྒྱུ་རེད།
 
 

  • ལེ་ཚན་སྔོན་མ།:ཕཱ་ཁི་སི་ཐན་གྱི་ས་འགུལ་ལས་མི་སུམ་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་ཁང་བ་ཕལ་ཆེར་བརྡིབས།
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་སྲིད་གཞུང་གིས་སི་རི་ཡཱའི་རྒྱལ་
  • དོ་སྣང་ཆེ་བའི་རྩོམ།