ཕྱུག་ལོ། 2012-11-30
སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཉིན་དེའི་ཞོགས་པར་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁོའི་འདབས་རོལ་གྱི་ཀྲར་མ་ཉི་ས་ཁུལ་ནས་བྱུང་བའི་འགས་གཏོར་དོན་རྐྱེན་རབ་དང་རིམ་པའི་ཁྲོད་ཉུང་མཐར་ཡང་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གྱ་གསུམ་ལ་རྨས་ཕོག་ཟེར།
སི་རི་ཡའི་ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར། འཇིགས་སྐུལ་པས་ཀྲར་མ་ཉི་ས་ཁུལ་དཀྱིལ་དབུས་ཀྱི་ཐང་ཆེན་ཞིག་གི་ཉེ་འདབས་ནས་རླངས་འཁོར་ནང་དུ་བཞག་ཡོད་པའི་འགད་རྫས་འགས་གཏོར་བཏང་། འགས་གཏོར་ཁྲོད་མིག་སྔའི་བར་ཉུང་མཐར་ཡང་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གྱ་གསུམ་ལ་རྨས་ཕོག་ཅིང་། ཉེ་འདབས་ཀྱི་སྡོད་དམངས་ཀྱི་ཁང་བ་དྲུག་ལ་འགས་གཏོར་ཁྲོད་གཏོར་བརླགས་ཚབས་ཆེན་ཐེབས་པ་དང་། འགས་གཏོར་བྱུང་སའི་ཉེ་འདབས་ཀྱི་རླངས་འཁོར་བཅུ་ལྷག་མེར་འབར་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10