ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-01-24
གུང་ཧོ་གསར་འགྱུར་དྲ་ཚིགས་ཀྱི་ཤར་གཏོང་མཛད་སྒོ་བསྡུས།
ཟླ1པོའི་ཚེས18ཉིན། གུང་ཧོ་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་ཞིན་ཧྭ་ཁང་མཚོ་སྔོན་ཡན་ལག་ཁང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་གུང་ཧོ་གསར་འགྱུར་དྲ་ཚིགས་དངོས་སུ་ཤར་གཏོང་བྱས།
དྲ་ཚིགས་འདིར་གཙོ་ཆེར་གུང་ཧོའི་གཙོ་གནད་གསར་འགྱུར་དང་། ཏང་སྲིད་འགོ་ཁྲིད། ཏང་གི་འཛུགས་སྐྲུན། ཚོང་དང་མ་རྩ་འདྲེན་འགུགས། བཟོ་ལས་དཔལ་འབྱོར། ཁྲིམས་ལྟར་རྫོང་སྐྱོང་། སྐྱེ་ཁམས་དཔལ་ཡོན། བསམ་པའི་དཔལ་ཡོན། གནས་སྐོར་རིག་གནས་སོགས་ལེ་ཚན20འདུས་ཤིང་། གུང་ཧོ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་མངོན་པར་མཚོན་ལ། གུང་ཧོ་རྫོང་གི་གསར་འགྱུར་དྲིལ་སྒྲོག་གི་ཁེབས་རྒྱ་མུ་མཐུད་དུ་ཆེར་བསྐྱེད་པར་ཁོད་རྒྱ་གསར་བ་ཡངས་བོར་ཕྱེས་པ་དང་། མུ་མཐུད་དུ་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་ཤུགས་དྲག་ཏུ་གཏོང་བར་སྐྱེ་སྟོབས་གསར་བ་སྦྱིན་ལ། རྒྱ་ཆེ་བའི་དྲ་དམངས་དག་གིས་གུང་ཧོ་ལ་རྒྱུས་ལོན་བྱེད་པར་དྲ་རྒྱའི་སྟེགས་བུ་ལེགས་པོ་བསྐྲུན་ཡོད།
དྲ་གནས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10