འབའ་ལུང་རྫོང་གིས་མ་དངུལ་སྒོར་ཁྲི700བཏང་སྟེ་ལས་ཀ་གསར་སྐྲུན་བྱེད་པར་རོགས་སྐྱོར་བྱས་པ།

ཚེ་རིང་རྒྱ་མཚོ    ཀྲུང་གོ་བོད་ཀྱི་དྲ་བ།    2013-01-24

ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་ཚན་རིག་གི་འཕེལ་རྒྱས་ལྟ་བའི་བླང་བྱ་ལྟར།  དམངས་འཚོ་རྩ་བ་དང་འཆམ་མཐུན་རྨང་གཞི་ཡིན་པའི་ལས་ཞུགས་གནད་དོན་གཙོར་བཟུང་ནས།  མ་དངུལ་སྒོར་ཁྲི700བཏང་སྟེ་ལས་ཀ་གསར་སྐྲུན་བྱས་པ་དང་།  སྤྱི་ཚོགས་བདེ་འཇགས་འཆམ་མཐུན་ལ་སྐུལ་འདེད་བྱས། 

བསྡོམས་རྩིས་བྱས་པ་ལྟར་ན།  2012ལོར་འབའ་ལུང་རྫོང་གིས“དངུལ་བུན་གྱིས་རྒྱབ་སྐྱོར་དང་། ཁྲབ་བསྡུ་ཉུང་ལེན།  ལས་སྐྲུན་ཞབས་ཞུ།  མ་དངུལ་གྱིས་རོགས་སྐྱོར”ལག་བསྟར་བྱས་པ་ལས་མི101ལ་རྒྱབ་སྐྱོར་བྱས་པ་དང་།  “དངུལ་བུན་གྱིས་རྒྱབ་སྐྱོར་དང་། ཁྲབ་བསྡུ་ཉུང་ལེན།  ལས་སྐྲུན་ཞབས་ཞུ།  མ་དངུལ་གྱིས་རོགས་སྐྱོར”ཐད་ཀྱི་མ་དངུལ་སྒོར་ཁྲི700འགྲེམ་གཏོང་བྱས་ཤིང་།  ལས་ཤོར་མི་སྣའི་གྲངས་འབོར་ཆུང་ངུའི་དངུལ་བུན་མི71ལ་འགྲེམ་གཏོང་བྱས་པ་སོགས་དམིགས་འབེན་ལས་འགན་སྒོར་ཁྲི330འགྲེམ་གཏོང་བྱེད་པ་ལས138% ལེགས་འགྲུབ་བྱུང་། 

  • ལེ་ཚན་སྔོན་མ།:གུང་ཧོ་གསར་འགྱུར་དྲ་ཚིགས་ཀྱི་ཤར་གཏོང་མཛད་སྒོ་བསྡུས་པ།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།