མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-01-25
ཟླ1པོའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས། པར་འདི་ནི་ཝུན་ཅ་པའོ་ཡིས་ཚོགས་ཐོག་ཏུ་གསུངས་བཤད་གནང་བའི་ཚུལ་རེད།
ཟླ1པོའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས23ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ཏེ། མི་འགྱངས་བར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་སྤྲད་ནས་གྲོས་ཞིབ་བྱེད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་བཅས་ལ་བཀྲམས་ནས་བསམ་འཆར་བསྡུ་ལེན་བྱེད་རྒྱུའི་ཐག་བཅད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་དམངས་གཙོ་ཏང་ཁག་དང་ཆེད་ལས་མཁས་པ། ཤེས་ཡོན་ཅན། ཁེ་ལས་ཀྱི་འགན་ཁུར་བ། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ལས་རིགས་ཀྱི་མི་སྣ། གཞི་རིམ་མང་ཚོགས་བཅས་ཀྱི་འཐུས་མིས་བཏོན་པའི་བསམ་འཆར་ལ་ཉན།
ཚོགས་ཐོག་ཏུ་ཝུན་ཅ་པའོ་ཡིས་གསུངས་བཤད་གནང་སྐབས་གཙོ་བོ་སྲིད་གཞུང་གི་བཅོས་སྒྱུར་དང་འཛུགས་སྐྲུན་གནད་དོན་ཐད་ནས་རྒྱས་བཤད་མཛད། ཁོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་གཉིས་ལ་བྱ་བའི་སྒྲིག་སྲོལ་ལ་བཟོ་བཅོས་བྱས་པར་ཕྱིར་དྲན་བྱས་པ་དང་ལོ་བཅུའི་རིང་ལ་སྲིད་གཞུང་བཅོས་སྒྱུར་དང་འཛུགས་སྐྲུན་བྱས་པའི་ལག་ལེན་སྤྱི་བསྡོམས་བྱས། ཁོང་གིས་གསུངས་རྒྱུར། ལོ་འདི་དག་གི་རིང་ལ་རིམ་པ་སོ་སོའི་སྲིད་གཞུང་གིས་སྲིད་གཞུང་ལ་ཞབས་ཕྱི་བསྒྲུབ་པ་དང་སྲིད་གཞུང་ལ་འགན་ཁུར་བ། ཁྲིམས་སྐྱོང་སྲིད་གཞུང། སྤྱོད་གཙང་སྲིད་གཞུང་བཅས་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཕན་ནུས་ལྡན་པའི་བཅོས་སྒྱུར་རབ་དང་རིམ་པ་བྱས་པ་ལས་ང་ཚོར་ཉམས་མྱོང་གང་མང་ཐོབ། ཅུང་འཐུས་ཚང་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་འཛིན་དོ་དམ་སྒྲིག་སྲོལ་འཛུགས་པའི་དམིགས་འབེན་ལྟར། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྲིད་གཞུང་གི་སྒྲིག་གཞི་དང་སྲིད་འཛིན་འཁོར་སྐྱོད་ནང་རྐྱེན། སྲིད་གཞུང་གི་དོ་དམ་རྣམ་པ་སོགས་བཅོས་སྒྱུར་སྣ་ཚོགས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཧུར་ཐག་སྒོས་མི་དམངས་ཡིད་ཚིམས་པའི་ཞབས་ཕྱི་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10