མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-03-15
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་རྗེས། ཚེས13ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་རྗེས། ཚེས13ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། སྔ་དྲོའི་དུས་ཚོད9ཡི་སྟེང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་གྲོལ་བའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་ཉེར་གཅིག་ཚོགས་ཆེན་ལ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀང་དང་། ལེའོ་ཧོས། ཏུའུ་ཆིན་ལིན། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། པའེ་ལིས་ཁྲིན། ཁྲིན་ཁོས་ཡོན། ཨ་པུའུ་ལེ་ཐིས་ཨ་པུའུ་ཏུའུ་རེ་ཞི་ཐིས། ལིས་ཀྲའོ་ཀྲོ། ཧོང་མིན་ཧྥུའུ། ཏུང་ཅན་ཧྭ། ཀྲང་མེ་དབྱིན། ཀྲང་རོང་མེན། ཆན་ཡུན་ལུའུ། སུན་ཅ་ཀྲིན། ལིས་ཅིན་ཧྭ། ཀྲིན་ཝན་ཐུང་། ཏིན་ཕུའུ་ཧྥང་། ཝན་ཀང་། ལིན་ཝུན་དབྱི། ལིས་ཝུའུ་ཝེ། ལོ་ཧྥུའུ་ཧི། ཁྲིན་ཙུང་ཞིན། ཝང་ཀྲི་ཀྲིན། ཧི་ཧུ་ཧྭ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། ཧུའུ་ཅིན་ཐའོ་དང་ཝུའུ་པང་གོ། ཝུན་ཅ་པའོ། ལིས་ཁྲང་ཁྲུན། ཞི་ཅིན་ཕེན། ལིས་ཁི་ཆཱང་། ཧི་གོ་ཆཱང་། ཀྲིག་ཡུང་ཁང་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད། ཅ་ཆིན་ལིན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད། ཚོགས་འདུའི་སྟེང་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཆབ་སྲིད་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། ཅ་ཆིན་ལིན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཚད་མཐོའི་མཐོང་ཆེན་དང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོའི་འོག ཨུ་ཡོན་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པས། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་འགྲུབ་པ་དང་། གྲོས་ཚོགས་བསྡུས་པ་ལེགས་འགྲུབ་བྱུང་ལ། དམངས་གཙོ་དར་སྤེལ་བྱེད་པ་དང་མཐུན་སྒྲིལ་དམ་ཟབ་ཏུ་གཏོང་བ། མཉམ་དུ་འཕེལ་རྒྱས་སྙེག་པའི་ཚོགས་ཆེན་ཞིག་ཡིན་ཟེར། ཅ་ཆིན་ལིན་གྱིས་བསྟན་དོན། ཚོགས་འདུའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་། བློ་མཐུན་ཝུའུ་པང་གོ་དང་ཝུན་ཅ་པའོ། ལིས་ཁྲང་ཁྲུན། ཞི་ཅིན་ཕེན། ལིས་ཁི་ཆཱང་། ཧི་གོ་ཆཱང་། ཀྲིག་ཡུང་ཁང་བཅས་དང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་གཞན་པ་དག་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོ་དང་གྲོལ་བའི་མཛད་སྒོར་ཞུགས་པ་དང་། མཉམ་འབྲེལ་ཚན་ཁག་གི་གྲོས་སྡུར་ལ་ཞུགས་ཏེ། ཨུ་ཡོན་རྣམས་དང་མཉམ་དུ་རྒྱལ་དོན་གླེང་བ་དང་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་སྡུར་བྱས་པས། ཨུ་ཡོན་ཐམས་ཅད་ལ་སྐུལ་ལྕག་ཆེན་པོ་ཐེབས། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྨན་བཅོས་འཕྲོད་བསྟེན་ལས་རིགས་དང་། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་གྲོས་སྡུར་ལ་ཞུགས་སྐབས། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་མི་དམངས་ལ་བརྟེན་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10