རིག་གནས་པུས་རྒྱལ་ཡོངས་ཀྱི་མངོན་མེད་ཤུལ་བཞག་རིག་གནས་རྣམ་གྲངས་ལ་ཆེད་དོན་བརྟག་ཞིབ་བྱས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2012-03-15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས12ཉིན་རིག་གནས་པུའི་པུའུ་ཀྲང་གཞོན་པ་ཨུ་ཡོན་ཝང་ཝུན་ཀྲང་གིས་གསར་འགོད་པར་ཟུར་གསལ་བྱས་པར། ད་ལོ། རིག་གནས་པུས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་དང་འབྲེལ་ཡོད་དངུལ་རྩའི་ཚན་པ་དང་མཉམ་དུ་ཆེད་དོན་བརྟག་ཞིབ་བྱས་ནས། མངོན་མེད་ཤུལ་བཞག་རིག་གནས་ལ་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་བྱེད་པའི་ཐད་དངུལ་རྩའི་རྒྱབ་སྐྱོར་དང་། ཁྲལ་བསྡུ་ཆག་ཡང་། ཕྱིར་གཏོང་གཟིགས་སྐྱོང་སོགས་སྲིད་ཇུས་བཟོ་ཆེད་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།གཞན་ཡང་། རིག་གནས་པུས་ད་དུང་ཉེ་དུས་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་ས་ཆ་ཁག་ཏུ་ལྟ་སྐུལ་རྟོག་ཞིབ་བྱེད་པར་གཏོང་རྒྱུ་དང་། རྒྱལ་ཁབ་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས་དཀར་ཆག་ནང་བཅུག་ཟིན་ནའང་ཁྲིམས་ལྟར་སྲུང་སྐྱོབ་བྱེད་མ་ཐུབ་པའམ་སྲུང་སྐྱོབ་ནུས་ལྡན་བྱུང་མེད་པར། བརྡ་ཁྱབ་བྱ་རྒྱུ་མ་ཟད་དུས་བཀག་བཟོས་ནས་ལེགས་བཅོས་བྱེད་རྒྱུ་དང་། ཚབས་ཆེ་བ་དཀར་ཆག་ནང་ནས་འདོན་རྒྱུ་ཡིན་པ་རེད། དེའི་ཐོག་ནས་མིག་སྔར་རྒྱལ་ཁབ་ཀྱི་དཀར་ཆག་ནང་བཅུག་པའི་མངོན་མེད་ཤུལ་བཞག་རིག་གནས་རྣམ་གྲངས1219ཐེངས་དང་པོར་དཔྱད་ཞིབ་བྱེད་པའི་ནང་སླེབས་པ་མཚོན་ཡོད་པ་རེད།ན་ནིང་སྤྱི་ཟླ6པའི་ཚེས1ཉིན་མངོན་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པ་དེའི་ཐོག་ནས། རང་རྒྱལ་འདི་ཉིད་མངོན་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་དེ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པའི་དུས་རིམ་དུ་སླེབས་པ་མཚོན་གྱི་ཡོད། ཝང་ཝུན་ཀྲང་གིས། ས་ཆ་འགའ་རེས་རེ་ཞུར་མཐོང་ཆེན་དང་སྲུང་སྐྱོབ་ལ་སྣང་ཆུང་བྱེད་པའི་སྣང་ཚུལ་ཡོ་བསྲང་བྱེད་ཆེད། རིག་གནས་པུས་ཉེ་དུས་ས་གནས་ཁག་ཏུ་རིགས་གཅིག་མཁས་པའི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་མངགས་རྒྱུ་དང་། མངོན་མེད་ཤུལ་བཞག་རིག་གནས་བཅའ་ཁྲིམས་ཀྱི་བླང་བྱར་གཞིགས་ནས། རྒྱལ་ཁབ་ཀྱི་དཀར་ཆག་ནང་བཅུག་པའི་རྣམ་གྲངས་སྲུང་སྐྱོབ་དང་། རྒྱུན་འཛིན་པ་སྲུང་སྐྱོབ། མ་དངུལ་བེད་སྤྱོད་བྱེད་ཚུལ་བཅས་ཀྱི་ཐད་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་དང་། རྣམ་གྲངས་དང་དེ་བཞིན་རྒྱུན་འཛིན་པས་ནུས་པ་མ་ཐོན་པར། བརྡ་ཁྱབ་གཏོང་རྒྱུ་དང་། དུས་བཀག་ནང་ལེགས་སྒྲིག་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། ཚབས་ཆེ་བ་དཀར་ཆག་གི་སྲུང་སྐྱོབ་ཐོབ་པའི་ཐོབ་ཐང་མེད་པ་བཟོ་རྒྱུ་ཡིན་ཞེས་བསྟན་འདུག  །

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བ་གྲོལ་བ།
  • ལེ་ཚན་རྗེས་མ།:འཚོ་བཅུད་ལྡན་པའི་ལྟོ་ཆས་ཟ་རྒྱུ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།