ལྷ་ལུང་། མི་དམངས་ཉིན་རེའི་ཚགས་པར། 2012-03-15
མི་དམངས་དྲ་བའི་འཕྲིན།སུང་ཀང་ལྟེ་བའི་སློབ་ཆུང་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་སུང་ཀང་གྲོང་རྡལ་དུ་གནས་ཡོད་ཅིང་།ཟླ་བ3པའི་ཚེས1ཉིན་སློབ་དུས་གསར་བ་འཚོགས་རྗེས་སློབ་གྲྭ་དེའི་སློབ་མ149ཡིས་འགྲོ་གྲོན་གཏོང་མི་དགོས་པའི་འཚོ་བཅུད་ལྟོ་ཆས་ཟ་རྒྱུ་བྱུང་བ་རེད།ཉིན་ལྟར་ཞོགས་པའི་ཆུ་ཚོད10པའི་སློབ་གསེང་ལུས་སྦྱོང་སྐབས་སློབ་གྲྭས་གཅིག་གྱུར་ཐོག་ཧའོ་ཧྲེང200ཡོད་པའི་འོ་མ་དང་སྒོ་ང་རེ་སློབ་མ་ཚང་མར་སྟེར་གྱི་ཡོད་པ་རེད།
སློབ་གྲྭ་དེའི་སློབ་གཙོས་ངོ་སྤྲོད་བྱས་པར་གཞིགས་ན།སློབ་དུས་གསར་པ་འཚོགས་རྗེས་སྲིད་གཞུང་གིས་སློབ་སྡོད་སློབ་མར་ཟླ་རེར་ལྟོ་ཆས་ཀྱི་ཁ་གསབ་སྒོར145ནས205སྤར་རྒྱུ་དང་སྦྲགས་འཚོ་བཅུད་ལྟོ་ཆས་ལ་དཔེ་འཇོག་ལམ་ལུགས་ལག་བསྟར་བྱས་ནས་ཕྲུ་གུ་ཚོའི་ཉིན་རེའི་བདེ་འཇགས་འཚོ་བཅུད་ཀྱི་དགོས་མཁོ་སྐོང་རྒྱུ་ཡིན་པ་རེད།གོང་གི་པར་རིས་འདི་ནི་ཟླ་བ་3པའི་ཚེས12ཉིན་གྱི་ཞོགས་པའི་ཆུ་ཚོད་10པའི་སློབ་གསེང་ལུས་སྦྱོང་བྱས་རྗེས་སུང་ཀང་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོས་འོ་མ་དང་སྒོ་ང་ལེན་བཞིན་ཡོད་པ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10