བདེན་འཚོལ་དུས་དེབ་ཀྱིས་ཞི་ཅིན་ཕེན་གྱི་རྩོམ་ཡིག་སྤེལ།
དཀོན་མཆོག་དོན་འགྲུབ། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-03-16
ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་པར་སྐྲུན་བྱེད་རྒྱུ་ཡིན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་དྲུག་པའི་སྟེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱི་རྩོམ་ཡིག་གལ་ཆེན་སྟེ། ནན་ཏན་གྱིས་ཏང་གི་རྣམ་དག་རང་བཞིན་སྲུང་འཛིན་བྱེད་པའི་བྱ་བ་སོ་སོ་ལེགས་པར་བསྒྲུབ་དགོས་ཞེས་པ་བཀོདཔ་རེད།