ལྕགས་བྷོ། མཚོ་སྔོན་གསར་འགྱུར་དྲ་བ། 2012-03-15
ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཡུས་ཧྲུའུ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཀྲང་ཀོང་རོང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ལྟ་ཞིབ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་གྱི་འགྲོ་རོགས་འོག གྲང་ངར་ལ་མ་འཛེམས་པར་བསྐྱར་འཛུགས་ཡུལ་དངོས་སུ་སོང་སྟེ། མང་ཚོགས་ཀྱི་འདོད་བློ་དང་། ས་ཞིང་གཞུང་བསྡུ་གནས་སྤོར། བཟོ་སྐྲུན་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཅས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས།ཀྲང་ཀོང་རོང་གིས་ཡུས་ཧྲུའུ་རུ་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་བསྡུས་ནས་ས་ཞིང་གཞུང་བསྡུ་གནས་སྤོར་དང་། རྣམ་གྲངས་ཞིབ་བཤེར། བཟོ་སྐྲུན་གྲ་སྒྲིག་སོགས་བྱ་བ་ལ་དམིགས་ཏེ་ཡུལ་དངོས་ནས་ཞིབ་འཇུག་དང་མཐུན་སྦྱོར་བྱས། ཡུས་ཧྲུའུ་ཁུལ་དང་རོགས་འཛུགས་ལས་ཁུངས་ཀྱི་བྱ་བའི་ཡར་ཞུ་ལ་ཉན་རྗེས། ཁོས་དུས་སྐབས་སྔོན་མའི་བྱ་བ་ལ་ཁས་ལེན་གང་ལེགས་བྱས། ཁོས་ཡུས་ཧྲུའུ་སྐྱེ་དགུ་གྲོང་བརྡལ་གྱི་ས་ཞིང་གཞུང་བསྡུ་བྱ་བར་མཚོན་ན་ན་ནིང་དགུན་ཁ་དང་ད་ལོའི་དཔྱིད་ཀའི་སྤྱིའི་འགན་ཁུར་གྱི་བརྒྱ་ཆའི་དོན་གཉིས་ལེགས་འགྲུབ་བྱུང་ཞིང་། གནས་སྤོར་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད་ལ། ཁྱོན་ཡོངས་ཀྱི་བྱ་བའི་ཐད་གྲུབ་འབྲས་གསར་བ་བླངས་ཡོད་ཟེར། དེ་དང་མཉམ་དུ་ཁོས་དགུན་དཔྱིད་གྲ་སྒྲིག་བྱ་བ་སྣ་ཚོགས་མུ་མཐུད་དུ་སྒྲུབ་དགོས་ཏེ། གཅིག་ནི་བྱ་བའི་གནད་ས་གཞིར་འཛིན་དགོས་པ་དང་། གཉིས་ནི་ཚན་རིག་ལ་བརྟེན་ནས་འཆར་གཞི་ཇུས་འགོད་བྱེད་དགོས་ལ། གསུམ་ནི་རྩ་འཛུགས་ཞིབ་མོ་བྱེད་དགོས་ཤིང་། བཞི་ནི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་ཕྱོགས་བཞི་ནས་ནན་གྱིས་བསྟན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10