རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་གྲོལ་བ།

ཕྱུག་ལོ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-03-15

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་གྲོལ་བ།
ཟླ3པའི་ཚེས14ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་གྲོལ་བ།

ཝུའུ་པང་གོ་ཡིས་ཚོགས་འདུ་གྲོལ་བའི་མཛད་སྒོར་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་།
 

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བས་སྲིད་གཞུང་བྱ་བའི་སྙན་ཞུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ད་དུང་སྙན་ཞུ་གལ་ཆེན་གཞན་པ་བཅས་ལ་ཆོག་མཆན་བཀོད་པ་དང་། ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཆོད་དོན་དང་བཅའ་ཁྲིམས་ཡིག་ཆ་གཞན་པར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱས་རྗེས། ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།མི་དམངས་ཚོགས་ཁང་ཆེན་མོའི་ནང་རྔམ་བརྗིད་དང་དགའ་སྤྲོའི་དཔལ་གྱིས་ཁེངས་ཤིང་། འཐུས་མི་སྟོང་གཉིས་དང་བརྒྱད་བརྒྱ་དོན་གཉིས་ཚོགས་འདུ་གྲོལ་བའི་མཛད་སྒོར་ཞུགས་ལ། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།ཚོགས་འདུ་གྲོལ་བའི་མཛད་སྒོར་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་མགོ་འཛིན་མཛད།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཀྲའོ་གོ་དང་ལུའུ་ཡུང་ཞང་། ཝུའུ་ཡུན་ཆི་མུའུ་ཀི། ཧན་ཆི་ཏི། ཧྭ་ཅན་མེན། ཁྲིན་ཀྲི་ལིས། ཀྲིག་ཐེ་ནོང་། ལིས་ཅན་གོ། ཟི་མ་དབྱི་ཐེ་ལིས་ཝ་ཨར་ཏིས། ཅང་ཧྲུའུ་ཧྲིན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། སང་གོ་ཝེ་སོགས་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བསྡད་ཡོད།ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཧུའུ་ཅིན་ཐའོ་དང་ཝུན་ཅ་པའོ། ཅ་ཆིན་ལིན། ལིས་ཁྲང་ཁྲུན། ཞི་ཅིན་ཕེན། ལིས་ཁི་ཆཱང་། ཧི་གོ་ཆཱང་། ཀྲིག་ཡུང་ཁང་སོགས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཝུའུ་པང་གོ་ཡིས་ཚོགས་འདུ་མགོ་བརྩམས་པ་ཁྱབ་བསྒྲགས་མཛད།གྲོས་ཚོགས་སྟེང་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། གྲོས་ཆོད་ལས་ཚོགས་འདུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུའི་ནང་བཏོན་པའི་ཉིས་སྟོང་བཅུ་གཉིས་ལོའི་བྱ་བ་སྤྱིའི་བཀོད་སྒྲིག་དང་ལས་འགན་གཙོ་བོར་འཐད་པ་བྱུང་ནས། སྙན་ཞུ་འདི་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད་ཅེས་བསྟན་ཡོད།གྲོས་ཚོགས་སྟེང་ཉིས་སྟོང་བཅུ་གཅིག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། ཉིས་སྟོང་བཅུ་གཅིག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུ་དང་། ཉིས་སྟོང་བཅུ་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད་པ་མ་ཟད། ཉིས་སྟོང་བཅུ་གཅིག་ལོའི་ཀྲུང་དབྱང་དང་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་གཉིས་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ཀྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་གཅིག་ལོའི་ཀྲུང་དབྱང་དང་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་གཉིས་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུ་དང་། ཉིས་སྟོང་བཅུ་གཉིས་ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད།གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཆོད་དོན་ལ་གྲོས་འཆམ་བྱུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཀྲུའུ་ཞིའི་བཀའ་ཁྱབ་ང་ལྔ་བ་བཀོད་དེ། ཆོད་དོན་འདི་བསྒྲགས་པ་དང་། ཆོད་དོན་འདི་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟང་ལག་བསྟར་བྱ་རྒྱུ་རེད།གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིའི་གྲངས་ཀ་དང་འདེམ་བསྐོའི་གནད་དོན་གྱི་ཆོད་དོན་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་འདེམ་ཐབས་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་འདེམ་ཐབས་ལ་གྲོས་འཆམ་བྱུང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིའི་གྲངས་ཀ་དང་འདེམ་བསྐོའི་གནད་དོན་གྱི་ཆོད་དོན་ལྟར་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོར་གདམ་རྒྱུ་རེད།གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། གྲོས་ཆོད་ལས་ཚོགས་འདུའི་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་གཅིག་གི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། སྙན་ཞུ་ལས་བཏོན་པའི་རྗེས་ཕྱོགས་ཀྱི་ལོ་གཅིག་གི་ལས་འགན་གཙོ་བོར་འཐད་པ་བྱུང་ལ། སྙན་ཞུ་འདི་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད་ཅེས་བསྟན་ཡོད།གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལས་ཚོགས་འདུའི་སྟེང་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འདས་པའི་ལོ་གཅིག་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུ་འདི་གཉིས་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད་ཅེས་བསྟན་ཡོད།ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ལེགས་འགྲུབ་བྱུང་རྗེས། ཝུའུ་པང་གོ་ཡིས་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་ཚང་མ་ལེགས་འགྲུབ་བྱུང་བ་དང་། འཐུས་མི་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པས། ཚོགས་འདུ་ལེགས་འགྲུབ་བྱུང་ནས། ལྟ་ཚུལ་སྔར་ལས་གཅིག་སྡུད་བྱས་པ་དང་། ལས་འགན་གཏན་ཁེལ་གསལ་བོ་བྱས་ལ། ཡིད་ཆེས་ཇེ་བརྟན་དུ་བཏང་ཞིང་། དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཟེར།ཝུའུ་པང་གོ་ཡིས་བསྟན་དོན། ཚོགས་འདུའི་སྐབས་སུ། འཐུས་མི་ཚོས་མི་དམངས་ཀྱི་མངགས་བཅོལ་དང་དུ་བླངས་ཏེ། བདག་པོའི་རྣམ་འགྱུར་བཟུང་ཞིང་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་བཅངས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་ནུས་ལག་བསྟར་ནན་མོ་བྱས་ལ། ཚོགས་འདུའི་གྲུབ་འབྲས་ཀྱིས་ཏང་གི་འདོད་བློ་དང་མི་དམངས་ཀྱི་བསམ་ཚུལ་གཅིག་གྱུར་ཡིན་པ་གསལ་བོར་མཚོན་ཞིང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བརྩོན་སེམས་ཆེར་བསྐྱེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་པར་སྔར་ལས་སྐུལ་སློང་བྱེད་ཐུབ་ཟེར།ཝུའུ་པང་གོ་ཡིས་གསུངས་རྒྱུར། གྲོས་ཚོགས་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་སོགས་སྙན་ཞུ་དང་ཡིག་ཆ་གལ་ཆེན་ལ་གྲོས་ཞིབ་བྱས་ཏེ་ཆོག་མཆན་བཀོད། འཐུས་མི་ཚོས་གཅིག་གྱུར་དུ་བལྟས་ན། འདས་པའི་ལོ་གཅིག་གི་རིང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་གྲུབ་འབྲས་གསར་བ་ཐོབ་ནས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ཀྱི་མགོ་བཟང་པོ་བརྩམས། འདི་ནི་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་ཇུས་ཆོད་དང་ཡང་དག་པའི་མགོ་ཁྲིད་ཀྱི་འབྲས་བུ་ཡིན་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་ཡིན་ཟེར།ཝུའུ་པང་གོ་ཡིས་གསུངས་རྒྱུར། འཐུས་མི་རྣམས་ཀྱིས་ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱེད་པའི་སྔ་མཐུད་རྗེས་སྐྱོང་གི་ལོ་གལ་ཆེན་ཞིག་ཡིན་ལ། ང་ཚོའི་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་བསྡུ་རྒྱུ་ཡིན་ལ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་བཟང་པོར་སྒྲུབ་པ་དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ཀྱི་གནས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ང་ཚོས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཤིང་། བརྟན་འཇགས་ཁྲོད་འཕེལ་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་དང་དམིགས་འབེན་ལས་འགན་དེ་བྱེད་ཐབས་ཞིབ་ཕྲའི་ཁྲོད་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། བྱ་བ་དངོས་ཀྱི་ཁྲོད་དུ་མཚོན་པར་བྱས་ནས། དཔལ་འབྱོར་བརྟན་ཞིང་ཅུང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས་ཞེས་ནན་གྱིས་བཤད།ཝུའུ་པང་གོ་ཡིས་བསྟན་དོན། གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་འདེམ་བསྐོའི་འབྲེལ་ཡོད་དོན་དག་གི་སྐོར་གཏན་ཁེལ་བྱས། ཐེངས་འདིའི་འདེམ་བསྐོ་ནི་གྲོང་ཁྱེར་དང་མཁར་གྲོང་གིས་གཅིག་མཚུངས་ཀྱི་མི་གྲངས་བསྡུར་ཚད་ལྟར་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་འདེམ་བསྐོ་བྱེད་ཐེངས་དང་པོ་ཡིན་པས། མི་དང་ས་ཁུལ། མི་རིགས་ཚང་མ་འདྲ་མཉམ་ཡིན་པའི་རྩ་དོན་སྔར་ལས་བཟང་པོར་མཚོན་ཡོད། ང་ཚོས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། དམངས་གཙོ་འདོན་སྤེལ་གང་ལེགས་བྱས་ཤིང་། ཁྲིམས་ལྟར་བྱ་བ་གཟབ་ནན་གྱིས་སྒྲུབ་སྟེ། འདེམ་བསྐོའི་བྱ་བ་ཁྲིམས་ལྟར་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱས་ཏེ། མི་དམངས་འཐུས་མིའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།ཝུའུ་པང་གོ་ཡིས་གསུངས་རྒྱུར། གྲོས་ཚོགས་སྟེང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཆོད་དོན་ལ་གྲོས་འཆམ་བྱུང་། ཐེངས་འདིའི་བཟོ་བཅོས་ཀྱིས་འགྲོ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་འགན་སྲུང་བྱེད་པའི་རྩ་ཁྲིམས་ཀྱི་ནང་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། རང་རྒྱལ་གྱི་ད་ལྟའི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ལམ་ལུགས་ལ་ཁ་གསབ་བྱས་ཏེ་འཐུས་ཚང་དུ་བཏང་ཡོད། ང་ཚོས་བཟོ་བཅོས་བྱས་རྗེས་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་རྒྱ་ཆེར་དྲིལ་སྒྲོག་བྱེད་པ་དང་ཁྱབ་གདལ་དུ་བཏང་ནས། ལག་བསྟར་སྔོན་གྱི་གྲ་སྒྲིག་བྱ་བ་བཟང་པོར་སྒྲུབ་པ་དང་། བཅའ་ཁྲིམས་ཡང་དག་ཅིང་ཕན་ནུས་ལྡན་པར་ལག་བསྟར་བྱེད་པར་ཁག་ཐེག་བྱས་ཏེ། སྔར་ལས་བཟང་པོའི་སྒོ་ནས་བཅའ་ཁྲིམས་ལྟར་ནག་ཉེས་ལ་ཁྲིམས་ཆད་གཅོད་པ་དང་འགྲོ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་བཅས་བྱེད་དགོས་་ཟེར།ཝུའུ་པང་གོ་ཡིས་བསྟན་དོན། སྐབས་འདིའི་རྒྱལ་ཡོངས་དམངས་ཆེན་གྱི་འགན་འཁུར་ཡུན་ལ་ད་དུང་མཇུག་མཐའི་ལོ་གཅིག་ཡོད། ལོ་བཞིའི་རིང་། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དང་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་ནུས་ལྡན་སྒོས་གཅིག་གྱུར་བྱས་ཤིང་། ཁྲིམས་ལྟར་འགན་དབང་ལག་བསྟར་དང་བྱ་བ་ཧུར་ཐག་གིས་བསྒྲུབས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་ཆགས་པར་བྱས་ཏེ་འཐུས་ཚང་དུ་བཏང་ལ། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མྱུར་དུ་སྤེལ་བའི་ཐད་བྱས་རྗེས་གལ་ཆེན་བཞག ང་ཚོས་ལོ་འདི་དག་གི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་སྤྱི་སྡོམ་ནན་མོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བསམ་རྒྱུ་རྒྱུན་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམིགས་ཏེ་བྱ་བ་སྒྲུབ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། ཡང་འབད་བསྐྱར་འབད་བྱེད་པ་དང་འགན་འཁྲི་ལྷོད་གཡེང་དུ་མི་གཏོང་བར་དམིགས་ཆེན་བྱ་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། རྒྱལ་ཁབ་ཀྱི་ཆེས་མཐོ་དབང་ཤུགས་ལས་ཁུངས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་སྔར་ལས་བཟང་པོ་བྱེད་དགོས་ཟེར།ཝུའུ་པང་གོ་ཡིས་མཇུག་མཐར་གསུངས་རྒྱུར། ང་ཚོའི་བགྲོད་ལམ་ནི་འོད་སྟོང་ལྡན་པ་དང་ཡངས་ཤིང་ཆེ་ལ། ང་ཚོའི་གོམ་སྟབས་ནི་བརྟན་ཞིང་མྱུར། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་པ་དང་། ཏིན་ཞའོ་ཕེན་གྱི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བཟུང་ཞིང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་ཟབ་མོ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་གསར་སྤེལ་ཡར་བརྩོན། བྱ་བ་ནན་སྒྲུབ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་བ་ལེན་པ་དང་། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རྣམ་པ་གསར་བ་བཏོད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།ཀྲུའུ་ཞིའི་སྟེགས་བུའི་སྟེང་འདུག་མཁན་ལ་ད་དུང་ཝང་ཀང་དང་ཝང་ལི་ཆོན། ཝང་ཆི་ཧྲན། ཧོས་ལེང་ཡུས། ལིག་ཆི། ལིག་ཡུན་ཧྲན། ལིག་ཡན་ཏུང་། ལིས་ཡོན་ཁྲའོ། ཝང་དབྱང་། ཀྲང་ཀའོ་ལིས། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཞུའུ་ཚེ་ཧུ། གོ་པོ་ཞུང་། པོ་ཞི་ལའེ། ཧི་ཡུང་། ལིན་ཅི་ཧྭ། ཝང་ཧུའུ་ཉིན། ལེང་ཀོང་ལེ། མཱ་ཁའེ། མིན་ཅན་ཀྲུའུ། ཏའེ་པེན་གོ། ཝང་ཧྲིན་ཅུན། ཚའོ་ཅན་མེན་སོགས་ཡོད།ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ལས་ཁུངས་ཀྱི་འགན་འཁུར་པ་དང་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པ་བཅས་ཀྱི་འཐུས་ཚབ་པ་ཚོགས་ཆེན་ལ་ཟུར་ཞུགས་བྱས། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་གྲོལ།

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བ་མ་ཟད་ཁོ་ཚོའི་དྲི་བར་ལན་བཏབ།
  • ལེ་ཚན་རྗེས་མ།:ཀྲང་ཀོང་རོང་གིས་ཡུས་ཧྲུའུ་རུ་ད་ལོའི་བཟོ་སྐྲུན་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་དགོས་ཞེས་
  • དོ་སྣང་ཆེ་བའི་རྩོམ།