ཝུན་ཅ་པའོ་ཡིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བ་མ་ཟད་ཁོ་ཚོའི་དྲི་བར་ལན་བཏབ།

        2012-03-15

ཝུན་ཅ་པའོ་ཡིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བ་མ་ཟད་ཁོ་ཚོའི་དྲི་བར་ལན་བཏབ།
 

ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་མགྲིན་ཚབ་པས་གདན་དྲངས་པ་ལྟར། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བ་དང་གསར་འགོད་པས་བཏོན་པའི་དྲི་བར་ལན་བཏབ།

ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་མགྲིན་ཚབ་པས་གདན་དྲངས་པ་ལྟར། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བ་དང་གསར་འགོད་པས་བཏོན་པའི་དྲི་བར་ལན་བཏབ།

ཀྲུང་གོ་དང་ཨ་རིའི་འབྱོར་ཚོང་འབྲེལ་བ་གླེང་དུས། ཝུན་ཅ་པའོ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་འབྱོར་ཚོང་དོ་མཉམ་མིན་པ་དང་། དེ་དང་འབྲེལ་ཏེ་བྱུང་བའི་དཀའ་ངལ་དང་འགལ་བ་སྣ་ཚོགས་ལ་ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་ཐག་གཅོད་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་གསུངས་རྒྱུར། ངས་ཅུང་ཆ་ཚང་བའི་སྒོ་ནས་ཀྲུང་གོ་དང་ཨ་རིའི་འབྱོར་ཚོང་དང་། དངུལ་ལོར་དང་དངུལ་གཏོང་མཉམ་ལས་ལ་ཤུགས་བསྐྱེད་པའི་འཆར་གཞི་ཞིག་བཏོན་ཡོད་དེ། དེའི་ནང་དུ་ཀྲུང་གོ་དང་ཨ་རིའི་ཉོ་ཚོང་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཀྲུང་གོས་ཨ་རིའི་ཐོན་རྫས་ནང་འདྲེན་བྱེད་ཚད་ཆེར་བསྐྱེད་པ་དང་། ཨ་རིས་ཨ་རིའི་ཐོན་རྫས་ཕྱིར་གཏོང་གི་སྒོ་ཕྱེ་སྟེ། ཚད་བཀག་མེད་པར་བྱེད་དགོས་ཟེར།

ངོགས་གཉིས་ཀྱི་བརྗེ་རེས་མདུན་ལྗོངས་གླེང་དུས། ཝུན་ཅ་པའོ་ཡིས་གསུངས་རྒྱུར། གལ་ཏེ་ཐེངས་འདིའི་སྲིད་གཞུང་གིས་མཇུག་མཐའི་འགན་ཁུར་ཡུན་གྱི་ལོ་གཅིག་གི་ནང་། ངོགས་གཉིས་ཀྱི་འབྱོར་ཚོང་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་ཐད་དོན་དངོས་འགའ་བསྒྲུབ་དགོས་ཟེར་ན། ངས་ཐོག་མར་བསམ་གཞིགས་བཏང་བ་ནི། ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་གྲོས་མོལ་གྱི་རྒྱུན་མཐུད་གྲོས་མོལ་མྱུར་དུ་སྤེལ་དགོས་པ་དང་། ལྷག་པར་དུ་ཐའེ་ཝན་གྱི་ཁེ་ལས་འབྲིང་ཆུང་དང་། ཁྱད་ཆོས་ལྡན་པའི་ཐོན་ལས། གཞི་རིམ་མང་ཚོགས་བཅས་ཀྱི་ཁེ་ཕན་ལ་ལྟ་སྐྱོང་བྱེད་དགོས་ལ། ཀྲུང་གོའི་དབུས་ལྷོ་ཕྱོགས་ཀྱི་མང་ཚོགས་ཀྱི་ཁེ་ཕན་དེ་བས་ཀྱང་སྲུང་དགོས་ཟེར།

མིག་སྔའི་ས་ཁང་བདག་ཁོངས་ཀྱི་ཚོང་རའི་ཚོད་འཛིན་གླེང་དུས། ཝུན་ཅ་པའོ་ཡིས་འོས་འཚམ་གྱི་ཁང་རིན་དེ་སྡོད་དམངས་ཀྱི་ཡོང་སྒོ་དང་འཚམ་དགོས་ལ། ཁང་རིན་ནི་མ་རྩ་དང་འོས་འཚམ་གྱི་ཁེ་སྤོགས་ལ་འཚམ་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ད་ལྟ་ངས་ཁང་རིན་ད་རུང་འོས་འཚམ་གྱི་རིན་གོང་ལ་སླེབ་མེད་ཅེས་ཁ་ཚོན་བཅད་ཆོག དེའི་རྐྱེན་གྱིས་ཚོད་འཛིན་ལྷོད་མི་རུང་བ་དང་། ལྷོད་ན་སྔོན་གྱི་ངལ་བ་དོན་མེད་དུ་སོང་བ་མ་ཟད། ད་རུང་ས་ཁང་བདག་ཁོངས་ཚོང་རར་རྙོག་དྲ་བཟོ་བས། ས་ཁང་བདག་ཁོངས་ཡུན་རིང་བོར་བདེ་ཐང་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་གནོད་པ་ཡོད་ཟེར།

ད་ལོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དམིགས་འབེན་བརྒྱ་ཆའི་བདུན་དང་གྲངས་ཆུང་ལྔ་ལ་མར་ཕབ་པ་དེའི་ཐད་ནས། ཝུན་ཅ་པའོ་ཡིས་གསུངས་རྒྱུར། འཕར་ཚད་ཇེ་དལ་དུ་གཏོང་བའི་དམིགས་ཡུལ་གཙོ་བོ་ནི། ངེས་པ་དོན་གྱིས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་དེ་ཚན་རྩལ་གོང་འཕེལ་ལ་བརྟེན་པ་དང་ངལ་རྩོལ་པའི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ཐད་དུ་དྲངས་ཏེ། ཐོན་ཁུངས་གྲོན་ཆུང་དང་ནུས་གྲོན་ཟད་ཚད་ཇེ་ཉུང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་བའི་ཡང་དག་བགྲོད་ལམ་སྟེང་བསྐྱོད་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ང་ཚོས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ནང་གཏན་ཁེལ་བྱས་པའི་དམིགས་ཡུལ་ནི་བརྒྱ་ཆའི་བདུན་ཡིན་མོད། ད་ལོར་བརྒྱ་ཆའི་བདུན་གྲངས་ཆུང་ལྔ་ལ་གཏན་ཁེལ་བྱས་པ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ཀྱི་རེ་བ་དང་བསྟུན་པའི་ཆེད་དུ་ཡིན། དེ་དང་མཉམ་དུ་ངས་ངེས་པར་དུ་གསལ་བོར་བཤད་དགོས་པ་ཞིག་ནི་འདི་ནི་ང་ཚོས་རང་འགུལ་གྱིས་ཚོད་འཛིན་བྱས་པའི་གྲུབ་འབྲས་ཡིན་ཟེར།

གསར་འགོད་པ་ཡིས་སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཇི་ལྟར་ཡོང་བར་བྱེད་དགོས་པའི་དྲི་བ་འདོན་དུས། ཝུན་ཅ་པའོ་ཡིས་བསྟན་དོན། ངས་ལས་འགན་བཞེས་པའི་མཇུག་མཐའི་ལོ་འདིར། ང་ཚོ་སྲིད་གཞུང་གིས་དཀའ་ཚེགས་ཆེ་བའི་དོན་འགའ་སྒྲུབ་དགོས་ལ། དོན་དག་དེ་དག་ཧུར་ཐག་གིས་སྒྲུབ་པ་དང་རྗེས་སུ་བསྐྱུར་མི་སྲིད་ཟེར།

ཝུན་ཅ་པའོ་ཡིས་གསུངས་རྒྱུར། ད་ལོ་སྲིད་གཞུང་གིས་དོན་དག་ལྔ་ལེགས་པོར་སྒྲུབ་རྒྱུ་ཡིན་ཏེ། དེའི་ནང་དུ་ཡོང་སྒོའི་བགོ་བཤའ་ལམ་ལུགས་བཅོས་བསྒྱུར་དང་། ཞིང་བས་ས་ཞིང་འགན་གཙང་ལེན་གྱི་རྒྱུ་ནོར་དབང་ཆར་འགན་སྲུང་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཉེན་འགོག་འགན་ལེན་ཕྱོགས་ཡོངས་ལ་ཁེབས་པར་བྱེད་པ། ཚད་གཞི་གསར་བ་ལྟར་དབུལ་སྐྱོར་བྱ་བ་མྱུར་དུ་སྤེལ་བ། སློབ་གསོའི་གྲོན་དངུལ་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་གྱི་བརྒྱ་ཆའི་བཞི་ཟིན་པ་དེ་སྔོན་རྩིས་ནང་དུ་བཞག་སྟེ། དམིགས་འབེན་འདི་ཧུར་ཐག་སྒོས་མངོན་འགྱུར་བྱ་དགོས། དེ་ལས་གཞན། ཙུང་ལི་ཝུན་ཅ་པའོ་ཡིས་ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་དང་ཞང་ཀང་གནད་དོན། གཞི་རིམ་དམངས་གཙོ། སི་རི་ཡའི་གནད་དོན། ཝུའུ་དབྱིན་ཨན་དང་དམངས་ཁྲོད་མ་རྩ། བོད་ལྗོངས་གནད་དོན། ཡོང་སྒོ་བགོ་བཤའ་རྒྱག་པ། ས་གནས་སྲིད་གཞུང་གི་བུ་ལོན་དང་ཝང་ལེ་ཅོན་གྱི་དོན་རྐྱེན་སོགས་ཐད་ནས་ཀྱང་གསར་འགོད་པའི་དྲི་བར་ལན་བཏབ། ཐེངས་འདིའི་གསར་འགོད་པའི་ཚོགས་འདུའི་ནང་དོན་ཞིབ་མོ་དག་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན་ལམ་དང་པོའི་ལེ་ཚན་དང་གསར་འགྱུར་འཕྲིན་ལམ་གྱི་གསར་འགྱུར་མཉམ་སྒྲོག་རྗེས་ཀྱི་ཚོགས་ཆེན་གཉིས་ཀྱི་ཆེད་བསྒྲིགས་ལེ་ཚན་ལས་གཏོང་རྒྱུ་ཡིན།

  • ལེ་ཚན་སྔོན་མ།:མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྒ་སྡེ་ས་ཁུལ་ལ་ཡར་བསྐྱར་ཁངས་ཆེན་བབས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་གྲོལ་བ།
  • དོ་སྣང་ཆེ་བའི་རྩོམ།