ཀླུ་འབུམ་བྱམས། མཚོ་སྔོན་གསར་འགྱུར་དྲ་བ། 2012-03-14
ཟླ་གསུམ་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་ས་ཁུལ་ལ་སྔར་བཞིན་ཁངས་འབབ་ཀྱིན་ཡོད་ལ། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཅུ་དྲུག་དང་སྐར་མ་བཅུ་གཅིག་སྟེང་། དགའ་སྡེ་ས་ཁུལ་ལ་ཡར་བསྐྱར་ཁངས་ཆེན་བབབ། གནམ་གཤིས་རྟོག་དཔྱོད་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། མ་འོངས་པའི་ཉིན་འགའི་ནང་དུ། མཚོ་སྔོན་གྱི་ལྷོ་ཕྱོགས་ས་ཁུལ་ལ་ད་དུང་ཁངས་འབབ་རྒྱུ་ཡིན་པས། སྒ་སྡེ་ས་ཁུལ་གྱི་ཁངས་གནོད་ཀྱི་གནས་ཚུལ་དེ་དུས་ཡུན་ཐུང་བའི་ནང་སེལ་དཀའ་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཚེས་བཅུ་གཉིས་ཉིན་བར། སྒ་སྡེ་རྫོང་དུ་བསྟུད་མར་ཟླ་གཅིག་ལྷག་ལ་ཁངས་བབས་ཏེ། ཁངས་ཀྱི་མཐུག་ཚད་ལི་སྨི་དགུ་ལ་སླེབས།
ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་སྔོན་བརྡ་བཏང་བ་ལྟར་ན། མ་འོངས་པའི་ཉིན་གསུམ་གྱི་ནང་དུ། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་དུ་ད་དུང་བསྟུད་མར་ཁང་འབབ་རྒྱུ་ཡིན་མོད། འོན་ཀྱང་ཞིང་ཆེན་ཡོངས་ཀྱི་ནམ་ཟླ་ཇེ་འཁྱག་ཏུ་འགྱུར་མི་སྲིད། ཚེས་བཅུ་བཞིའི་ཉིན། ཡུས་ཧྲུའུ་ཡི་བྱང་ཕྱོགས་དང་། མགོ་ལོག མཚོ་ལྷོའི་ལྷོ་ཕྱོགས། རྨ་ལྷོའི་ལྷོ་ཕྱོགས་བཅས་ལ་ཁངས་ཆུང་བ་དང་ཡང་ན་ཁང་ཟམ་ཟིམ་འབབ་རྒྱུ་རེད། ཚེས་བཅོ་ལྔ་ནས་ཚེས་བཅུ་དྲུག་ཉིན་བར། མཚོ་ནུབ་ཀྱི་ནུབ་ཕྱོགས་ལ་སྤྲིན་མང་བ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་ཁག་ལ་ཁངས་ཆུང་བ་འབབ་པ་དང་། ཡུས་ཧྲུའུ་ཡི་བྱང་ཕྱོགས་དང་མགོ་ལོག་གི་བྱང་ཕྱོགས། མཚོ་ལྷོའི་ལྷོ་ཕྱོགས་བཅས་ས་ཁུལ་ལ་ཁངས་འབྲིང་ཙམ་འབབ་རྒྱུ་རེད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10