རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུ་པེ་ཅིན་ནས་བསྡུས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-03-14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཚེས10ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཇ་སྟོན་ཚོགས་འདུ་བསྡུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཧུའུ་ཅིན་ཐོ་དང་ཝུའུ་པང་གོ ཝུའུ་ཅ་པོ། ཅ་ཆིན་ལིན། ལིས་ཁྲང་ཁྲོང་དང་ཞི་ཅིན་ཕེན། ལིས་ཁི་ཆིང་དང་ཧི་གོ་ཆང་། ཀྲིག་ཡོང་ཁང་བཅས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ཚོ་དང་ལྷན་དུ་འཛོམས་ཏེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས་པར་མ་ཟད། མི་རིགས་ང་དྲུག་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་མདུན་ལྗོངས་ཡག་པོ་ལ་གྲོས་ཞིབ་བྱས།

  མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་དགོད་སྒྲ་དང་བདེ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད། དགོང་མོའི་ཆུ་ཚོད་བདུན་དང་སྐར་མ་ཞེ་ལྔའི་སྟེང་སྙན་འཇེབས་ཀྱི་གླུ་གཞས་ཁྲོད་ཧུའུ་ཅིན་ཐོ་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དག་ཚོགས་རར་ཕེབས་པ་དང་། གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་ཁྲོད་དུ་ཕེབས་ནས་ཁོ་ཚོར་ཕྱག་འཇུ་གནང་ཞིང་འཚམས་འདྲི་མཛད།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་ལྷ་སའི་མཁའ་རླུང་ལེགས་སུ་གཏོང་བའི་ཤིང་འཛུགས་བྱེད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྒ་སྡེ་ས་ཁུལ་ལ་ཡར་བསྐྱར་ཁངས་ཆེན་བབས་པ།
  • དོ་སྣང་ཆེ་བའི་རྩོམ།