བོད་ལྗོངས་ཀྱིས་ལྷ་སའི་མཁའ་རླུང་ལེགས་སུ་གཏོང་བའི་ཤིང་འཛུགས་བྱེད་སྒོ་སྤེལ་བ།

        2012-03-14

བོད་ལྗོངས་ཀྱིས་ལྷ་སའི་མཁའ་རླུང་ལེགས་སུ་གཏོང་བའི་ཤིང་འཛུགས་བྱེད་སྒོ་སྤེལ་བ།
རྒྱལ་ཡོངས་ཤིང་འཛུགས་དུས་ཆེན་སྐབས་སུ། གྲོང་ཁྱེར་ཡོངས་ཀྱི་དམག་མི་དང་ཉེན་རྟོག་པ། མང་ཚོགས་བཅས་ཀྱིས་ཕྱར་བ་གྲུ་འདེགས་ཀྱིས་ཁོར་ཡུག་དཔེ་སྟོན་གཏོད་པའི་རྣམ་པ་བཟང་པོ་དང་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བཟང་པོ་བསྐྲུན་པ་དང་། ནུས་ཤུགས་ཡོད་རྒུས་ཁོར་ཡུག་དཔེ་སྟོན་གཏོད་པའི་འགག་སྒྲོལ་ལས་དོན་ཡག་པོ་སྤེལ་ཏེ་སྐྱེ་ཁམས་ལེགས་པོ་འགན་སྲུང་བྱ་ཆེད། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ལྷ་ཀླུ་འདམ་ར་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་པ་དང་། ལྷ་སའི་མཁའ་རླུང་ལེགས་སུ་གཏོང་བའི་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེས་དགྲ་ལྷ་ལྷ་ཀླུ་འདམ་རར་ཕེབས་ཏེ། ཤིང་འཛུགས་ནགས་གསོའི་བྱེད་སྒོར་ཞུགས་པ་རེད། ཤིང་འཛུགས་ནགས་གསོའི་བྱེད་སྒོར་མ་ཕེབས་གོང༌། ཆེས་དགྲ་ལྷས་ད་དུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆིང་ཧུའེ་དང་མཉམ་དུ་སེ་ར་དགོན་པའི་དགེ་འདུན་པའི་རྒྱལ་ཁབ་ཀྱི་ཁོར་ཡུག་དཔེ་སྟོན་གྲོང་ཁྱེར་གཏོད་པ་དང་དགོན་སྡེའི9བསྡོམས5ཡི་བྱེད་སྒོའི་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་དགོན་སྡེར་བཅའ་སྡོད་ལས་དོན་རུ་ཁག་དང་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣར་འཚམས་འདྲི་གནང་བ་མ་ཟད། སེ་ར་དགོན་པས་དགེ་འདུན་པ་སྒྲིག་འཛུགས་ཀྱིས་དགོན་སྡེའི་ཁོར་ཡུག་གཙང་སྦྲ་དང་། ཁོར་ཡུག་མཛེས་སུ་གཏོང་བ་བྱེད་སྟངས་ལ་བསྔགས་བརྗོད་གནང་བ་དང་སྦྲགས། ཡུན་རིང་ཕན་འབྲས་ཐོན་པའི་ལས་ཀའི་སྒྲིག་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་གཏོན་པ་རེད།  །

 


 

  • ལེ་ཚན་སྔོན་མ།:བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་བ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུ་པེ་ཅིན་ནས་བསྡ
  • དོ་སྣང་ཆེ་བའི་རྩོམ།