བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་བ།

ལྷ་ལུང་།    མཚོ་སྔོན་པོ་དྲ་བ།    2012-03-14

བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་བ།
 

བོད་ལྗོངས་སློབ་གྲྭ་ཆེན་མོ་ནི་སྤྱི་ལོ1951ལོར་ལས་བྱེད་པའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བཙུགས་པ་ནས་བཟུང་ཐོག་མའི་རྣམ་པ་ཆགས་པ་ཡིན་ཞིང་།དེའི་རྗེས་བོད་ལྗོངས་དམག་ཁུལ་གྱི་ལས་བྱེད་པའི་སློབ་གྲྭ་དང་།བོད་ལྗོངས་ས་གནས་ལས་བྱེད་པའི་སློབ་གྲྭ།བོད་ལྗོངས་སྲིད་འཛིན་ལས་བྱེད་པའི་སློབ་གྲྭ།བོད་ལྗོངས་དགེ་ཐོན་སློབ་གྲྭ།བོད་ལྗོངས་དགེ་ཐོན་སློབ་གླིང་སོགས་འཕེལ་རྒྱས་ཀྱི་རིམ་པ་དུ་མ་བརྒྱུད་མཐར།1985ལོའི་ཟླ་7པར་བོད་ལྗོངས་སློབ་ཆེན་དངོས་སུ་བཙུགས་པ་རེད།1999ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་སྒྱུ་རྩལ་སློབ་གྲྭ་དང་།བོད་ལྗོངས་གསོ་རིག་ཆེད་ཚན་སློབ་གྲྭ།བོད་ལྗོངས་མི་རིགས་སློབ་གླིང་སྨན་བཅོས་ཚན་ཁག བོད་རང་སྐྱོང་ལྗོངས་ནོར་སྲིད་དཔལ་འབྱོར་སློབ་གྲྭ་བཅས་སྔ་གཞུག་ཏུ་བོད་ལྗོངས་སློབ་ཆེན་གྱི་ཁོངས་སུ་བསྡུས་ཤིང་།2008ལོའི་ཟླ12བར་བོད་ལྗོངས་སློབ་ཆེན་རྒྱལ་ཁབ་ཀྱི་“211ལས་གྲྭའི་”འཛུགས་སྐྲུན་སློབ་ཆེན་གཙོ་བོའི་གྲས་སུ་བཞག་པ་རེད།
 

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ལྷ་སའི་མཁའ་རླུང་ལེགས་སུ་གཏོང་བའི་ཤིང་འཛུགས་བྱེད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།