བོད་ལྗོངས་རླུང་འཕྲིན། 2012-03-14
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།ལྷ་ས་གྲོང་ཁྱེར་གྱིས་འབྲེལ་ཡོད་སྲིད་ཇུས་བྱ་ཐབས་ལེགས་སྒྲིག་ཧུར་ཐག་བྱས་ནས་དམའ་མཐའི་འཚོ་བའི་འགན་སྲུང་ཁ་གཏད་འཕར་ཆག་ཡོད་པ་བྱས་པ་རེད། ཟོག་གོང་འཕར་ནས་དམའ་མཐའི་འཚོ་བ་འགན་སྲུང་གི་ཁྱིམ་ཚང་ལ་ཤུགས་རྐྱེན་ཐེབས་ཚད་ཉུང་དུ་གཏོང་ཆེད། ད་ལོ་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་དམའ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་དེ་སྔའི་ཟླ་རེར་མི་རེར་ཆ་སྙོམས་སྒོར360ནས་སྒོར400བར་སྤོར་རྒྱུ་དང་། གྲོང་གསེབ་ཀྱི་གྲོང་མིའི་དམའ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་ལོ་གོང་མའི་ལོ་རེར་མི་རེར་ཆ་སྙོམས་སྒོར1450ནས་སྒོར1550བར་སྤོར་རྒྱུ་མ་ཟད་དུས་ཐོག་ཏུ་དོན་འཁྱོལ་བྱེད་རྒྱུ་ཡིན་པ་དང༌། ད་ལོའི་དུས་ཚིགས་དང་པོར་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་དམའ་མཐའི་འཚོ་བ་འགན་སྲུང་མ་དངུལ་སྒོར་ཁྲི་ཚོ1585ལྷག་ཙམ་སྤྲད་པ་དེ་ན་ནིང་གི་དུས་མཚུངས་པ27.5%འཕར་ཡོད་པ་རེད། དུས་མཚུངས། ལྷ་ས་གྲོང་ཁྱེར་གྱིས་ད་དུང་སྨན་བཅོས་རོགས་སྐྱོབ་ཟུངས་ནུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚར་དུ་བཏང་སྟེ། འགན་བཅོལ་གསུམ་དང་རོགས་སྐྱོབ་གཅིག་གི་སྨན་བཅོས་འགན་སྲུང་རྣམ་པ་ཞིག་ཆགས་པ་བྱས་ནས། རོགས་སྐྱོབ་ཚད་གཞི་མཐོ་ཤོས་དེ་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་སྒོར་ཁྲི6ནས་ཁྲི10བར་སྤར་ཡོད་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཚོ་ནད་གཞི་བལྟ་ཁག་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10