ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅི(4)

        2011-10-19


ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་གཏོང་ན། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ཞིང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་མཛུབ་སྟོན་དུ་འཛིན་པ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་ཟབ་མོ་བྱེད་པ། སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བརྩིས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་བསྐྲུན་པ་དེ་རྩ་བའི་ལས་འགན་དུ་བརྩི་བ་དང་། མི་དམངས་ཀྱི་བསམ་པའི་ཤེས་རིག་གི་དགོས་མཁོ་བསྐོང་རྒྱུ་དེ་རྐང་འཛུགས་སར་བརྩི་བ། བཅོས་སྒྱུར་དང་གསར་སྐྲུན་སྒུལ་ཤུགས་སུ་བརྩིས་ཤིང་། དེང་རབས་ཅན་དང་འཛམ་གླིང་། མ་འོངས་པ་བཅས་ལ་ཁ་ཕྱོགས་པའི་མི་རིགས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་དང་ཚན་རིག་གི་སྤྱི་ཚོགས་རིང་ལུགས་རིག་གནས། མང་ཚོགས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་བཅས་གོང་འཕེལ་དུ་བཏང་སྟེ། རིག་གནས་ཀྱི་གོ་རྟོགས་མཐོན་པོ་དང་རིག་གནས་ཀྱི་ཡིད་ཆེས་ཆེན་པོ་བཅངས་པ་དང་། མི་རིགས་ཡོངས་ཀྱི་རིག་གནས་ཀྱི་བྱང་ཚད་ཇེ་མཐོར་བཏང་ཞིང་། རྒྱལ་ཁབ་ཀྱི་རིག་གནས་མཉེན་སྟོབས་ཇེ་ཆེར་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་དར་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་ཟེར།


 

  • ལེ་ཚན་སྔོན་མ།:པེ་ཅིན་དུ་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ
  • ལེ་ཚན་རྗེས་མ།:ཐང་གའི་བརྩམས་ཆོས236ཙམ་བོད་ལྗོངས་ཀྱི2011ལོའི་ཐང་ག་རིག་གནས་འགྲེམ་སྟོན་སྟེང་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།