ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ནི་འཕེལ་རྒྱས་ཆེན་པོ་དང་བསྒྱུར་བཅོས་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སྐབས་སུ་གནས་པ་དང་། རིག་གནས་ཀྱིས་ཕྱོགས་བསྡུས་རྒྱལ་ཤུགས་འགྲན་རྩོད་ཁྲོད་ཟིན་པའི་གོ་གནས་དང་ནུས་པ་སྔར་ལས་འབུར་དུ་ཐོན་པར་གྱུར་ཞིང་། རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་སྔར་ལས་ཧ་ཅང་ལྗིད་པས། རྒྱལ་ཁབ་ཀྱི་རིག་གནས་མཉེན་སྟོབས་དང་ཀྲུང་ཧྭ་རིག་གནས་ཀྱི་རྒྱལ་སྤྱིའི་ཤན་ཤུགས་ཇེ་ཆེར་གཏོང་བའི་དགོས་མཁོ་སྔར་ལས་ཀྱང་ཆེ། དེང་རབས་ཀྲུང་གོ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བའི་གནད་འགག་གི་དུས་སྐབས་སུ་གནས་ལ། རིག་གནས་ནི་མི་རིགས་ཀྱི་མཐུན་སྒྲིལ་སྟོབས་ཤུགས་དང་གསར་གཏོད་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་དང་། ཕྱོགས་བསྡུས་རྒྱལ་ཤུགས་འགྲན་རྩོད་ཀྱི་རྟེན་གཞི་གལ་ཆེན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱབ་རྟེན་གལ་ཆེན་བཅས་སུ་གྱུར་ཡོད་པ་དང་། བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ནི་རང་རྒྱལ་མི་དམངས་ཀྱི་རེ་འདུན་དྲག་པོར་གྱུར་ཡོད། མི་གྲངས་དུང་ཕྱུར་བཅུ་ཕྲག་ལ་ཕན་པའི་ཆུ་ཚད་སྔར་ལས་མཐོ་བའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་ན། མི་དམངས་ལ་འབྱོར་ཕྱུག་བདེ་སྐྱིད་ཀྱི་དངོས་པོའི་འཚོ་བ་རོལ་ཏུ་འཇུག་དགོས་པར་མ་ཟད། མི་དམངས་ལ་བདེ་ཐང་སྤྲོ་སྐྱིད་ཀྱི་རིག་གནས་འཚོ་བ་རོལ་ཏུ་འཇུག་དགོས་པས། ང་ཚོས་ངེས་པར་དུ་རང་རྒྱལ་འཕེལ་རྒྱས་སུ་འགྲོ་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་དང་བཀོལ་སྤྱོད་བཟང་པོ་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་མཉམ་དུ། རང་རྟོགས་ཀྱིས་རིག་གནས་དར་རྒྱས་གོང་འཕེལ་དེ་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་གནས་ལུགས་ངོ་མར་བརྩི་བ་དང་། འཕེལ་རྒྱས་ནི་ཏང་གི་སྲིད་འཛིན་རྒྱལ་སྐྱོང་གི་ལས་འགན་དང་པོ་ཡིན་པའི་ནང་དོན་གལ་ཆེན་དེ་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་ཟབ་མོ་བྱེད་པའི་རྩ་བའི་རེ་བ་ཞིག་ཏུ་བརྩིས་ཤིང་། རིག་གནས་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་དང་ད་དུང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་བཏང་སྟེ། མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་ཀྱི་འཆམ་མཐུན་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་ཐད་དུ་སྟོབས་དང་ལྡན་པའི་བསམ་བློའི་ཁག་ཐེག་དང་། སྟོབས་དང་ལྡན་པའི་བསམ་པའི་སྒུལ་ཤུགས། ནུས་ཤུགས་ཡོད་པའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར། ཧ་ཅང་བཟང་བའི་རིག་གནས་ཀྱི་ཆ་རྐྱེན་བཅས་འདོན་སྤྲོད་བྱེད་དགོས་ཟེར།