ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ལྗོངས་དྲ་བ། 2011-10-21
ཟླ10བའི་ཚེས14ཉིན་བསྡུ་འགོ་བརྩམས་པའི2011ལོའི་བོད་ལྗོངས་ཐང་ག་རིག་གནས་འགྲེམ་སྟོན་ནི་ཐང་ག་འགྲེམ་སྟོན་བྱེད་པའི་བྱ་འགུལ་ཁོ་ན་ཞིག་མིན་པ་དང་། བོད་ལྗོངས་སུ་ཐང་ག་སྒྱུ་རྩལ་པ་རྒན་དར་གཞོན་གསུམ་གྱི་འབྲི་རྩལ་དང་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་ཡིན།
ཐེངས་འདིའི་ཐང་ག་འགྲེམ་སྟོན་སྟེང་ཐང་ག་སྒྱུ་རྩལ་པ118ཀྱིས་རང་རང་གི་ཕུལ་བྱུང་ཐང་ག་བདམས་ཏེ་འགྲེམ་སྟོན་སྟེང་ཞུགས་ཡོད་པ་དང་། ཡུལ་དངོས་སུ་ཐང་ག་འབྲི་བཞེངས་བྱེད་པ་ལས་གཞན་ད་རུང་བརྩེགས་དྲུབ་དང་ཚེམ་དྲུབ་ཐང་ག་འགྲེམ་སྟོན་སྟེང་ཞུགས་ཡོད་པ་མ་ཟད། གཡང་ཊི་ཐང་ག་དང་ཤིང་བསྐོས་ཐང་ག་ཡང་འགྲེམ་སྟོན་སྟེང་ཞུགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10