ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅི(2)

        2011-10-19


ཚང་འཛོམས་གྲོས་ཚོགས་སྟེང་རིག་གནས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་གཏོང་བའི་གནད་དོན་གལ་ཆེན་རབ་དང་རིམ་པར་ཞིབ་འཇུག་བྱས་རྗེས། རང་རྒྱལ་གྱི་རིག་གནས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཕུན་སུམ་ཚོགས་པའི་ལག་ལེན་དང་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་བྱེད་པ་དང་། རིག་གནས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་གཏོང་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྲུན་གྱི་མཐོ་རླབས་གསར་བ་ཞིག་སྔར་ལས་དྲག་ཏུ་སློང་བ་དེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་བ་ལེན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་བ་བསྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ལ་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་པར་འདོད།

ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ནི་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ལྷག་བསམ་དཀར་བའི་རྒྱུན་འཛིན་པ་དང་དར་སྤེལ་མཁན་ཡིན་པར་མ་ཟད། ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་བརྩོན་སེམས་ཆེ་བའི་འཛིན་སྐྱོང་མཁན་དང་དར་སྤེལ་པ་ཡང་ཡིན། ང་ཚོའི་ཏང་གིས་རིག་གནས་ལ་བརྟེན་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟོན་པ་དང་བརྩོན་འགྲུས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བར་ནམ་ཡང་མཐོང་ཆེན་བྱས་ཤིང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བསམ་བློའི་རིག་གནས་ཀྱི་གོ་རྟོགས་གསར་བ་དང་། རིགས་གཞུང་གསར་སྐྲུན་གྱི་གྲུབ་འབྲས་གསར་བ། རིག་གནས་དར་སྤེལ་གྱི་ཕན་འབྲས་གསར་བ་བཅས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ལས་དོན་གོང་འཕེལ་དུ་བཏང་བས། རིག་གནས་བྱ་བ་དེས་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་བཏོན་ཟེར།

ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་ལ། ང་ཚོས་ཏང་གིས་རིག་གནས་དར་སྤེལ་དེ་ནམ་ཡིན་ཡང་ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་བྱ་བའི་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་དུ་བཞག་སྟེ། དངོས་པོའི་དཔལ་ཡོན་དང་བསམ་པའི་ཤེས་རིག་གཉིས་ཀ་དམ་འཛིན་བྱས་ཤིང་། ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་དང་ཡ་རབས་ལུགས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་གཉིས་ཟུང་སྦྲེལ་བྱས་པ་དང་། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་མཉམ་དུ་འཕེལ་རྒྱས་སུ་བཏང་སྟེ། རིག་གནས་དར་སྤེལ་ཐད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བླངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་དུ་བསྐྱོད། རང་རྒྱལ་གྱི་རིག་གནས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱིས་མི་རིགས་ཡོངས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མངོན་གསལ་གྱིས་ཇེ་མཐོར་བཏང་བ་དང་། མིའི་ཕྱོགས་གང་ཐད་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཤིང་། རྒྱལ་ཁབ་ཀྱི་རིག་གནས་མཉེན་སྟོབས་མངོན་གསལ་གྱིས་ཇེ་ཆེར་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བར་སྟོབས་དང་ལྡན་པའི་བསམ་བློའི་སྟོབས་ཤུགས་འདོན་སྤྲོད་བྱས་ཟེར།

  • ལེ་ཚན་སྔོན་མ།:པེ་ཅིན་དུ་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ
  • ལེ་ཚན་རྗེས་མ།:ཐང་གའི་བརྩམས་ཆོས236ཙམ་བོད་ལྗོངས་ཀྱི2011ལོའི་ཐང་ག་རིག་གནས་འགྲེམ་སྟོན་སྟེང་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།